《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月27日

བོད་ལྗོངས་མི་རིགས་སློབ་ཆེན་གྱི་རྒྱའི་སྐད་ཡིག་རྩོམ་རིག(དགེ་འོས)ཆེད་ལས་ལ།

མཐོ་རིམ་སློབ་གྲྭ་དཀྱུས་མའི་དགེ་འོས་རིགས་ཀྱི་ཆེད་ལས་ཀྱི་རིམ་པ་གཉིས་པའི་ངོས་འཛིན་གཏན་འཁེལ་བྱུང་བ།

འདི་ག་ཚགས་པར་ཁང་དུ་ཞན་དབྱང་ནས་ཟླ་7ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། སློབ་གསོ་པུའུ་གཞུང་ལས་ཐིང་གིས《2020ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དགེ་འོས་རིགས་ཀྱི་ཆེད་ལས་ཀྱི་རིམ་པ་གཉིས་པའི་ངོས་འཛིན་གཏན་འཁེལ་བྱུང་བའི་ཆེད་ལས་ཀྱི་མིང་ཐོ་ཡོངས་བསྒྲགས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(དགེ་རྒན་ཐིང་གི་ཡིག〔2020〕ཨང་8པ)བཀྲམ་ནས་བོད་ལྗོངས་མི་རིགས་སློབ་ཆེན་གྱི་རྩོམ་རིག་སློབ་གླིང་གི་རྒྱའི་སྐད་ཡིག་རྩོམ་རིག(དགེ་འོས)ཆེད་ལས་ལ་མཐོ་རིམ་སློབ་གྲྭ་དཀྱུས་མའི་དགེ་འོས་རིགས་ཀྱི་ཆེད་ལས་ཀྱི་རིམ་པ་གཉིས་པའི་ངོས་འཛིན་གཏན་འཁེལ་བྱུང་ཞིང་། ངོས་འཛིན་གཏན་འཁེལ་གྱི་ཆོད་སྡོམ་ནུས་ལྡན་དུས་ཡུན་ལོ་6ཡིན་པ་དང་། 2020ལོའི་ཟླ་7པ་ནས་2026ལོའི་ཟླ་6པའི་བར་ཡིན་པ་རེད།