《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月27日

ཆབ་མདོ་གྲོང་ཁྱེར་གྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་བདེ་འཇགས་ངང་འབྲུབ་ཆུ་སྒྲོལ་རྒྱུ་འགན་ལེན་བྱས་པ།

ཁོངས་གཏོགས་ནང་ཁུལ་གྱི་ཆུ་མཛོད་དང་། ཆུ་རགས། ཆུ་ཤུགས་གློག་ཁང་། རི་ཉིལ་བའི་གནོད་འཚེའི་མངོན་མེད་རྐྱེན་ངན་གནས་ཡུལ་བཅས་ལ་མུ་མཐུད་རྐྱེན་ངན་གྲལ་བཤེར་བྱས་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་7ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་བདུན་པ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་ལ་དྲག་ཆར་བསྟུད་མར་བབས་པའི་ཁར། གནམ་གཤིས་དྲོ་རུ་ཕྱིན་ནས་འཁྱགས་པ་བཞུར་བ་དེས། རྫ་ཆུ་དང་། འབྲི་ཆུ། རྒྱལ་མོ་རྡུལ་ཆུ། དེ་བཞིན་གཙང་པོ་དང་ཆུ་བོ་འབྲིང་ཆུང་བཅས་ཀྱི་ཆུ་ཁ་ཤུགས་ཆེན་རྒྱས་ནས། རྫོང(ཆུས)ཁག་གཅིག་ལ་ཚད་གཞི་མི་འདྲ་བའི་ཉེན་ཁ་ཐོན་ནས་གྲོང་ཁྱེར་ཡོངས་ཀྱི་འབྲུབ་འགོག་དང་གནོད་འཚེ་ཉུང་གཏོང་ལས་དོན་གྱི་དུས་བབ་ཛ་དྲག་ཏུ་སོང་བ་རེད།

རྫ་ཆུ་དང་། འབྲི་ཆུ། རྒྱལ་མོ་རྡུལ་ཆུ། དེ་བཞིན་གཙང་པོ་དང་ཆུ་བོ་འབྲིང་ཆུང་བཅས་ཀྱི་ཆུ་ཁ་མུ་མཐུད་ཤུགས་ཆེན་རྒྱས་པར་དམིགས་ཏེ། གྲོང་ཁྱེར་ཆུ་བེད་ཅུས་དང་རྫོང(ཆུས)ཆུ་བེད་ཅུས་ཀྱིས་ཁོངས་གཏོགས་ནང་ཁུལ་གྱི་ཆུ་མཛོད་དང་། ཆུ་རགས། ཆུ་ཤུགས་གློག་ཁང་། རི་ཉིལ་བའི་གནོད་འཚེའི་མངོན་མེད་རྐྱེན་ངན་གནས་ཡུལ་བཅས་ལ་མུ་མཐུད་རྐྱེན་ངན་གྲལ་བཤེར་བྱས་པ་དང་སྦྲགས་ཁག་དྲུག་ཙམ་གྱི་མི་ཐེངས་ལྔ་བཅུ་ལྷག་སྒྲིག་འཛུགས་བྱས་ནས་གྲོང་ཁུལ་གཙོ་བོའི་ཁོངས་ཀྱི་འབྲུབ་འགོག་ཆུ་རགས་ཀྱི་ཆུ་སྐྱོན་འགོག་ནུས་ཐད་སྔོན་འགོག་སྐོར་གཡེང་དང་ལྟ་ཞིབ་ཚད་ལེན་ལས་དོན་མུ་མཐུད་བསྒྲུབས་ཡོད། གཞན་ཡང་གྲོང་ཁྱེར་དེའི་རྫོང(ཆུས)རིམ་པ་གཉིས་ཀྱི་ཆུ་བེད་སྡེ་ཚན་གྱིས་ཟླ་5ཚེས་20ཉིན་གྱི་སྔ་རྗེས་སུ་འབྲུབ་འགོག་ཐན་འགོག་གི་ཆུ་ཚོད་ཉེར་བཞིའི་ལས་རེས་ལམ་ལུགས་སོ་སོར་ལག་ལེན་བསྟར་འགོ་བཙུགས་ནས་གེགས་བར་གནས་ཚུལ་གྱི་ཆ་འཕྲིན་གནད་ལ་འཁེལ་བ་དང་ཕན་ནུས་ཐོན་པའི་འགན་ལེན་བྱས་ཡོད།