《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月27日

ནོར་བུ་དོན་གྲུབ་ཀྱིས་གོང་དཀར་གནམ་ཐང་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་བརྟག་ཞིབ་གནང་སྐབས།

སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དེ་བས་ནན་དུ་གཏོང་བ་དང་སྣང་ཆེན་བྱེད་ཤུགས་དེ་བས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་25ཉིན་གནས་ཚུལ་འབྱོར་གསལ། ཚེས་24ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཀྱིས་གོང་དཀར་གནམ་ཐང་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

ནོར་བུ་དོན་གྲུབ་ཀྱིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་སྔར་བཞིན་གཟབ་ནན་བྱས་ཏེ་ལྷོད་གཡེང་དང་སུན་སྣང་གི་བསམ་བློ་ཁྱད་བསད་བྱེད་པ་དང་། ཕྱི་ནས་མི་འགོ་བ་དང་ནང་ནས་བསྐྱར་དུ་མི་ལངས་པའི་སྔོན་འགོག་དང་ཚོད་འཛིན་གྱི་ཐབས་ཇུས་དོན་འཁྱོལ་ནན་པོ་བྱེད་པ། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྣམ་པ་བཟང་པོ་མུ་མཐུད་རྒྱུན་འཁྱོངས་བཅས་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་མཐུད་ངང་ལེགས་སུ་འགྲོ་བའི་རྣམ་པ་ཇེ་སྡུག་ཏུ་མི་འགྲོ་བ་བྱེད་དགོས། ཉེན་ཁ་ཆེ་བའི་ས་ཁུལ་ནས་བོད་དུ་ཡོང་མཁན་མི་སྣར་བརྟག་དཔྱད་དང་ལོགས་འཇོག་སོགས་ཀྱི་ལས་དོན་ཡག་པོ་སྤེལ་རྒྱུར་ཚད་མཐོའི་སྣང་ཆེན་བྱས་ཏེ། བརྟག་དཔྱད་ཀྱི་མྱུར་ཚད་མགྱོགས་སུ་གཏོང་བ་དང་རིམས་ནད་ནང་དུ་འགོ་བ་དང་ཕྱི་ལ་ཁྱབ་རྒྱུར་གནད་སྨིན་འགོག་ཟོན་བྱེད་དགོས། ཞབས་ཞུ་དང་སྤྱི་པའི་རོལ་རྩེད་སོགས་ལས་རིགས་དང་། སློབ་གྲྭ ལས་ཁུངས་ཚན་པ་བཅས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་སྐབས་ཀྱི་རིམས་འགོག་བྱེད་ཐབས་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་ཆབས་ཅིག་འབྲེལ་ཡོད་ལྟ་སྐུལ་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་འགོག་རྐྱེན་བཟོ་བའི་འཇུར་མིག་ཕྱོགས་སྡོམ་དང་མེད་པ་བཟོ་དགོས། པར་དེབ་སྟབས་བདེ་སོགས་ཀྱི་དྲིལ་བསྒྲགས་དཔྱད་ཡིག་བཟོས་ནས་རྒྱལ་མཚམས་ནང་དུ་འཛུལ་མཁན་དང་འབྲེལ་གཏུགས་བྱེད་པ་དང་ཁོང་ཚོར་ཞབས་ཞུ་འགན་ལེན་བྱེད་པའི་ལས་དོན་སྔོན་ནས་ཡག་པོ་བསྒྲུབ་པ་དང་དྲིལ་བསྒྲགས་ཁྲིད་སྟོན་གྱི་ལས་དོན་ཡག་པོ་བསྒྲུབ་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་པོའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཏེ་འབྲེལ་ཡོད་ལས་ཁུངས་དང་། ཚན་པ། ཁེ་ལས། འགག་སྒོ་བཅས་ཀྱིས་ཁོངས་གཏོགས་དོ་དམ་གྱི་འགན་འཁྲི་ཁུར་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ས་ཁུལ་གྱི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།