《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月27日

ཆེ་དགྲ་ལྷས་ཆུ་ཤུར་རྫོང་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱི་ཐོ་འགོད་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་25ཉིན་གནས་ཚུལ་འབྱོར་གསལ། ཚེས་24ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཆུ་ཤུར་རྫོང་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱི་ཐོ་འགོད་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རེན་ཝུའེ་ཞིབ་བཤེར་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

ཆེ་དགྲ་ལྷ་དང་བཅས་པ་སྔ་རྗེས་སུ་ཆུ་ཤུར་རྫོང་དབུལ་སྒྲོལ་འགག་སྒྲོལ་ཡོངས་ཁྱབ་ཞིབ་བཤེར་གཞུང་ལས་ཁང་དུ་ཕེབས་ནས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་པར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། རྫོང་དང་ཤང་གི་ཡོངས་ཁྱབ་ཞིབ་བཤེར་སྒྲིག་གཞིའི་འགན་འཁྲི་དོན་འཁྱོལ་དང་། འགྲོ་གྲོན་དོན་འཁྱོལ། ཡོངས་ཁྱབ་ཞིབ་བཤེར་ལས་དོན་གྱི་སྒྲིག་འཛུགས་ལག་བསྟར། ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཚོགས་ཆུང་མངགས་སྡོད་སོགས་ཀྱི་གནས་ཚུལ་སྐོར་བཀའ་འདྲི་ཞིབ་ཕྲ་ཡང་གནང་ཞིང་། ཆེ་དགྲ་ལྷས་མཛུབ་སྟོན་གནང་དོན། དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྤེལ་བ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབུལ་སྒྲོལ་འགག་སྒྲོལ་དེ་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་མཇུག་བསྡུའི་འགག་རྩའི་དུས་མཚམས་སུ་སླེབས་སྐབས་སུ་བཏོན་གནང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པ་དང་སྤུས་ཚད་མཐོ་བའི་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ལས་དོན་གལ་ཆེན་ཞིག་རེད་ལ། ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན་པ་དེའི་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡོད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱི་ཐོ་འགོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་སྐུ་ངོ་མ་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སུ་ཆེད་མངགས་ལྟ་སྐུལ་ཞིབ་བཤེར་གནང་བར་ཕེབས་ནས་བླང་བྱ་ཁ་གསལ་བཏོན་གནང་བ་རེད། ཚང་མས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་བླང་བྱ་གཞིར་བཟུང་། “ལྷག་བསམ་ཟོལ་མེད་ཀྱི་བསྡོམས་རྩིས་དང་། ལེགས་སྐྱེས་འབུལ་འདོད་པ། དངོས་ཐོག་བདེན་འཚོལ། གྲངས་ཀ་རྫུས་མ་མི་ཐོན་པ། ཁྲིམས་ལྟར་བསྡོམས་རྩིས། གསང་བ་ནན་སྲུང་། དྲང་གཞག་ཁ་གསལ། སྤྱི་ཚོགས་ཞབས་ཞུ”བཅས་ཀྱི་བསྡོམས་རྩིས་ལས་རིགས་ཀྱི་ཀུན་སྤྱོད་ཚད་གཞི་ནན་པོར་སྲུང་བ་དང་། ཡོངས་ཁྱབ་ཞིབ་བཤེར་གྱི་སྲིད་ཇུས་དང་། ཚད་གཞི། གོ་རིམ་བཅས་ལ་ནན་པོར་གཞིགས་པ། ལས་ཀའི་སྒྲིག་ལམ་ནན་སྲུང་བྱེད་པ། བརྒྱུད་རིམ་གྱི་འགག་སྒོ་དང་། གྲངས་གཞིའི་འགག་སྒོ། ཞིབ་བཤེར་གཏན་འབེབས་ཀྱི་འགག་སྒོ་བཅས་ནན་པོ་བསྲུངས་ནས། སྤུས་ཚད་མཐོ་པོས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱས་ནས་ཕྱོགས་ཡོངས་དང་། དོན་དངོས། དངོས་ཡོད་བཅས་ཀྱི་སྒོ་ནས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མངོན་པར་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གསོན་ཉམས་ལྡན་པའི་བསླབ་གཞི་སྤྱད་དེ་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་སྔར་བས་ལེགས་པར་གཅིག་ཏུ་སྒྲིལ་བ། དུས་རབས་གསར་པའི་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་བོད་ཀྱི་ལེའུ་ཡག་པོ་རྩོམ་དགོས་པའི་ཐུགས་རེ་གནང་བ་རེད། (ཉི་དོན་དང་གནམ་ཕྱུག་རྒྱལ་གྱིས་སྒྱུར་ཞུས་བྱས)