《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月27日

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་25ཉིན་གནས་ཚུལ་འབྱོར་གསལ། ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་ལ་ཉེ་བའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས“ལོ་ཆུང་གདོང་ལེན་རུ་ཁག་ནི་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་འཛུགས་སྐྲུན་གྱི་གྲ་སྒྲིག་རུ་ཁག་ཅིག་རེད། རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་མིས་ལོ་ཆུང་གདོང་ལེན་རུ་ཁག་ཅེས་པའི་སློབ་གྲྭ་ཆེ་མོ་དེའི་ནང་ཕུགས་བསམ་དོན་གཉེར་དང་། ཀུན་སྤྱོད་བློ་སྦྱོང་། ཡོན་ཏན་སྦྱོང་བ་བཅས་བྱས་ཏེ་ཆུང་དུས་ནས་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན་བཅས་ཀྱི་བརྩེ་སེམས་ཆགས་པར་བྱས་ཏེ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་བསམ་པའི་ཉམས་འགྱུར་མངོན་པར་བྱེད་དགོས”ཞེས་བསྟན་ཡོད། རང་ལྗོངས་ཀྱི་རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་པར་ལྕག་སྐུལ་ཆེན་པོ་ཐེབས་ཏེ་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་གི་བཀའ་མངགས་ཟབ་མོའི་ཁྲོད་ལོ་ཆུང་བྱིས་པ་ཚོར་གནང་བའི་ལྷག་བསམ་ཟོལ་མེད་ཀྱི་ཐུགས་ཁུར་དང་ཐུགས་རེ་ཟབ་མོ་གཅིག་ཏུ་བསྡུས་ཡོད་ལ་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་ཡང་གནང་བའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་མ་ཟད། བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ཧུར་ཐག་འབད་ཐབས་དང་། འབད་འབུངས་ཡར་བརྩོན། འགན་འཁྲི་ཁུར་ཕོད་པ་བཅས་བྱས་ཏེ་སྐེ་དར་དམར་པོར་དུས་རབས་གསར་པའི་གཟི་བརྗིད་སྣོན་རྒྱུ་ཡིན་ཞེས་བརྗོད་པ་རེད།

དུས་རབས་གསར་པའི་ལོ་ཆུང་གདོང་ལེན་རུ་མི་ཞིག་ཡིན་པའི་ངོས་ནས་ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་གཉིས་པའི་ལོ་ཆུང་གདོང་ལེན་རུ་མི་ལི་ཧྲེང་པོ་ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་བོད་ཀྱི་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་རྟེན་འབྲེལ་འཕྲིན་ཡིག་ས་གནས་ས་ཐོག་ཏུ་ཉན་པས་ཁོང་སྤོབས་པ་ཆེན་པོ་བྱུང་བ་མ་ཟད་རང་ཉིད་ལ་སྐེ་དར་དམར་པོ་ཐོག་མར་འདོགས་སྐབས་ཀྱི་རྣམ་པ་ཡིད་ལ་ཡང་ཡང་འཁོར་ཞིང་། ཁོང་གིས་སྤོ་བོ་ཞི་ལགས་ཀྱི་བཀའ་སློབ་སེམས་ལ་བརྟན་པོ་ངེས་ཏེ་ཕུལ་བྱུང་ལོ་ཆུང་གདོང་ལེན་རུ་མི་ཞིག་གི་ཚད་གཞིའི་ཐོག་ནས་རང་ཉིད་ལ་བླང་བྱ་ནན་པོ་བཏོན་ནས་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན་བཅས་བྱས་ཏེ་ཧུར་ཐག་འབད་ཐབས་དང་། འབད་འབུངས་ཡར་བརྩོན། འགན་འཁྲི་ཁུར་ཕོད་པ། གྲ་སྒྲིག་ཨང་བསར་བཅས་བྱས་ནས་དུས་རབས་གསར་པའི་རུ་མི་ཡག་པོ་ཞིག་བྱ་རྒྱུ་ཡིན་ཞེས་བཤད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

“ལོ་ཆུང་གདོང་ལེན་རུ་མིས་ཀུན་སྤྱོད་དང་། ཤེས་ཡོན། ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་གཏོང་དགོས་པ་མ་ཟད། ད་དུང་ཤེས་བྱ་གསར་པ་ཧུར་ཐག་སྦྱོང་བ་དང་ཆབས་ཅིག ལོ་ཆུང་གདོང་ལེན་རུ་ཁག་གི་བྱེད་སྒོར་ཧུར་ཐག་ཞུགས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་ལོ་རྒྱུས་ཤེས་རྟོགས་མང་ཙམ་ཐུབ་པ་དང་ཁོང་ཚོའི་བསམ་བློ་དང་ཀུན་སྤྱོད་ལ་སློབ་སྦྱོང་ཞུ་དགོས”ལྷོ་པ་རིགས་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་འཐུས་མི་ཡེ་ཤེས་ཆོས་སྒྲོན་གྱིས“སློབ་གྲྭར་ཕྱིར་ལོག་བྱས་རྗེས་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་འཕྲལ་མར་སློབ་གྲོགས་ཚོར་མཉམ་སྤྱོད་བྱས་ནས་ཚང་མར‘བཟང་པོ་བཞི་ལྡན་གྱི་ལོ་ཆུང’ཞིག་གང་ཐུབ་བྱས་ཏེ་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་ཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་པ་ཞིག་སྔ་ཙམ་བྱས་ནས་ལྷབ་ལྷུབ་ཏུ་གཡོ་བའི་རུ་དར་ལ་གཟི་བརྗིད་བསྣན་ནས་ལོ་ཆུང་གདོང་ལེན་རུ་ཁག་འདི་ཉིད་མི་ཚང་མའི་ཚེ་གང་རིང་གི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་བ་བྱེད་དགོས་པའི་ལྕག་སྐུལ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།

(བདེ་སྐྱིད་ཀྱིས་བསྒྱུར། བསྟན་བློ་དང་བདེ་སྐྱིད་ཀྱིས་ཞུས)