《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月25日

རང་ལྗོངས་ཀྱི་འདི་ལོའི་མཐོ་རྒྱུགས་ཀྱི་ཚོད་འཛིན་སྐར་གྲངས་གཏན་འཁེལ་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་23ཉིན་གནས་ཚུལ་འབྱོར་གསལ། བོད་རང་སྐྱོང་ལྗོངས་སློབ་བསྡུ་ཡིག་རྒྱུགས་ཨུ་ཡོན་ལྷན་ཁང་གིས་ཟླ་7ཚེས་23ཉིན་ཚོགས་འདུ་འཚོགས་ནས་ཞིབ་འཇུག་དང་མོས་མཐུན་བྱུང་བ་མ་ཟད། སློབ་གསོ་པུར་ཐོ་འགོད་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་པ་བརྒྱུད། བོད་རང་སྐྱོང་ལྗོངས་ཀྱི་2020ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་དམའ་ཤོས་གཏན་འཁེལ་བྱས་ཤིང་། ཞིབ་ཕྲའི་ཆ་འཕྲིན་གཤམ་གསལ་ཏེ།

གཅིག སློབ་ཁུངས་དཀྱུས་མའི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་དམའ་ཤོས།

(གཅིག)རིག་གནས་དང་ལོ་རྒྱུས་རིགས།

གཙོ་གནད་དངོས་གཞིའི་ཚན་ཁག གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་350དང་རྒྱ་རིགས་ཀྱི་སྐར་གྲངས་460དང་།

དངོས་གཞིའི་ཚན་ཁག་དཀྱུས་མ། གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་320དང་རྒྱ་རིགས་ཀྱི་སྐར་གྲངས་335

ཆེད་སྦྱོང་ཚན་ཁག་(མཐོ་རིམ་ལས་རིགས)གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་235དང་རྒྱ་རིགས་ཀྱི་སྐར་གྲངས་235བཅས་ཡིན།

(གཉིས)རང་བྱུང་དང་བཟོ་སྐྲུན་རིག་པའི་རིགས།

གཙོ་གནད་དངོས་གཞིའི་ཚན་ཁག གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་325དང་རྒྱ་རིགས་ཀྱི་སྐར་གྲངས་480དང་།

དངོས་གཞིའི་ཚན་ཁག་དཀྱུས་མ། གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་293དང་རྒྱ་རིགས་ཀྱི་སྐར་གྲངས་310

ཆེད་སྦྱོང་ཚན་ཁག(མཐོ་རིམ་ལས་རིགས)གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་225དང་རྒྱ་རིགས་ཀྱི་སྐར་གྲངས་225བཅས་ཡིན།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད)

གཉིས། སྒྱུ་རྩལ་དང་ལུས་རྩལ་རིགས་ཀྱི་ཆེད་ལས་སློབ་བསྡུའི་རིག་གནས་སྦྱངས་འབྲས་ཀྱི་ཚོད་འཛིན་སྐར་གྲངས་དམའ་ཤོས།

རིགས་དེའི་སློབ་བསྡུའི་རིག་གནས་སྦྱངས་འབྲས་ཀྱི་ཚོད་འཛིན་སྐར་གྲངས་དམའ་ཤོས་དེ་སྤྱིར་བཏང་རིགས་ཀྱི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་དམའ་ཤོས་ཀྱི་ཚད་གཞིའི་70%ལྟར་གཏན་འཁེལ་བྱས་ཡོད། སློབ་བསྡུ་བྱེད་སྐབས་རིག་གནས་ཀྱི་སྦྱངས་འབྲས་སློབ་བསྡུའི་གཏན་འབེབས་ལ་སླེབས་ཚེ། ཆེད་ལས་ཀྱི་སྦྱངས་འབྲས་མཐོ་བ་ནས་དམའ་བའི་བར་རིམ་པ་བཞིན་བསྡུ་རྒྱུ་རེད།

1.རིག་གནས་ལོ་རྒྱུས་རིགས།

དངོས་གཞིའི་ཚན་ཁག གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་224དང་རྒྱ་རིགས་ཀྱི་སྐར་གྲངས་235ཡིན་པ་དང་།

ཆེད་སྦྱོང་ཚན་ཁག གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་165དང་རྒྱ་རིགས་ཀྱི་སྐར་གྲངས་165ཡིན།

2.རང་བྱུང་དང་བཟོ་སྐྲུན་རིག་པའི་རིགས།

དངོས་གཞིའི་ཚན་ཁག གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་205དང་རྒྱ་རིགས་ཀྱི་སྐར་གྲངས་217ཡིན་པ་དང་།

ཆེད་སྦྱོང་ཚན་ཁག གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་158དང་རྒྱ་རིགས་ཀྱི་སྐར་གྲངས་158ཡིན།

གསུམ། དཔུང་སྡེའི་སློབ་ཁུངས་ཀྱི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་དམའ་ཤོས།

1.རིག་གནས་ལོ་རྒྱུས་རིགས།

དངོས་གཞིའི་ཚན་ཁག སྐར་གྲངས་235

2.རང་བྱུང་དང་བཟོ་སྐྲུན་རིག་པའི་རིགས།

དངོས་གཞིའི་ཚན་ཁག སྐར་གྲངས་233

རང་སྐྱོང་ལྗོངས་སློབ་བསྡུ་ཡིག་རྒྱུགས་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་གཏན་འབེབས་བྱས་པ་དང་འབྲེལ་སློབ་གསོ་པུའུ་ལ་ཐོ་འགོད་སྙན་སེང་ཞུས་པ་བརྒྱུད། བོད་རང་སྐྱོང་ལྗོངས་ཀྱི་2020ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་དམའ་ཤོས་དང་རྒྱུགས་སྤྲོད་སློབ་མའི་སྦྱངས་འབྲས་ཟླ་7ཚེས་24ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཉིས་ཐོག་ཁྱབ་བསྒྲགས་བྱས་པ་རེད། རྒྱུགས་སྤྲོད་སློབ་མས་སློབ་གསོ་ཡིག་རྒྱུགས་ཁང་གི་གཙོ་ཆེའི་དྲ་ཚུགས་དང་། བོད་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་སློབ་བསྡུའི་ཆ་འཕྲིན་འདྲི་རྩད་མ་ལག གློག་རྡུལ་སྲིད་དོན་དྲ་བ། སྐད་འཕྲིན་སྤྱི་རྟགས“བོད་ལྗོངས་སྐད་འཕྲིན་གཞོན་ནུ”བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ཡིག་རྒྱུགས་ཆ་འཕྲིན་དོ་དམ་མ་ལག ཀྲུང་གོ་གློག་འཕྲིན་བློ་འདྲི་ལས་སྟེགས་96833513 ཀྲུང་གོ་སྒུལ་བདེའི་བློ་འདྲིའི་ལས་སྟེགས་12580 ཀྲུང་གོ་ལན་ཐུང་འཕྲིན་ཐུང་འདྲི་རྩད་ལས་སྟེགས་སོགས་ནས་སྐར་གྲངས་འདྲི་རྩད་བྱེད་ཆོག རྒྱུགས་སྤྲོད་སློབ་མས་གལ་ཏེ་རང་ཉིད་ཀྱི་སྐར་གྲངས་ལ་དོགས་པ་ཡོད་ཚེ་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་རྒྱལ་ཡོངས་ཀྱི་གཅིག་གྱུར་ཡིག་རྒྱུགས་ཀྱི་སྐར་གྲངས་བསྐྱར་ཞིབ་བྱ་ཐབས་གཞིར་བཟུང་གྲུབ་འབྲས་བསྐྱར་ཞིབ་རེ་ཞུ་འབུལ་ཆོག

འདི་ལོ་ལྗོངས་ཡོངས་སུ་མཐོ་རྒྱུགས་དཀྱུས་མ་དང་ཁ་གཏད་མཐོ་རིམ་ལས་རིགས་ལ་རྒྱུགས་སྤྲོད་སློབ་མ་ཁྱོན་39348(དེའི་ནང་འབྲིང་རིམ་ལས་རིགས་སློབ་གྲྭའི་རྒྱུགས་སྤྲོད་སློབ་མ་དང་མཐོ་རྒྱུགས་དཀྱུས་མར་མཉམ་དུ་ཡིག་རྒྱུགས་གཏོང་མཁན་5645ཚུད་ཡོད)དང་། དེ་དག་ནི་སློབ་ཁུངས་དཀྱུས་མའི་རྒྱུགས་སྤྲོད་སློབ་མ་31939དང་། དཔུང་སྡེའི་སློབ་ཁུངས་ཀྱི་རྒྱུགས་སྤྲོད་སློབ་མ་1034 ཁ་གཏད་མཐོ་རིམ་ལས་རིགས་ཀྱི་རྒྱུགས་སྤྲོད་སློབ་མ་6375བཅས་རེད། འདི་ལོ་རིགས་ཁག་གི་རྒྱུགས་སྤྲོད་སློབ་མའི་སྤྱིའི་སྦྱངས་འབྲས་ཚང་མ་ཚད་གཞི་མི་འདྲ་བའི་སྒོ་ནས་མཐོ་རུ་ཕྱིན་ནས་རང་ལྗོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་དམའ་ཤོས་ཀྱང་ཅུང་མཐོ་རུ་ཕྱིན་ཡོད།

2020ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་དམའ་ཤོས་དང་རྒྱུགས་སྤྲོད་སློབ་མའི་སྐར་གྲངས་འདྲི་རྩད་བྱེད་པའི་ཐབས་ལམ་གཤམ་གསལ་ཏེ།

1. བོད་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་གི་གཙོ་ཆེའི་དྲ་ཚུགས་དང་།

དྲ་ཚུགས། http://zsks.edu.xizang.gov.cn

2. བོད་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་སློབ་བསྡུའི་ཆ་འཕྲིན་འདྲི་རྩད་མ་ལག

དྲ་ཚུགས། http://xxcx.zsks.edu.xizang.gov.cn:8082

3. གློག་རྡུལ་སྲིད་དོན་དྲ་བ།

དྲ་ཚུགས། https://www.xzzwfw.gov.cn

4. སློབ་གསོ་ཡིག་རྒྱུགས་ཁང་གི་སྐད་འཕྲིན་སྤྱི་རྟགས།

བོད་ལྗོངས་སྐད་འཕྲིན་གཞོན་ནུ། (སྐད་འཕྲིན་སྤྱི་རྟགསxzwqn-jyt)

5. བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ཡིག་རྒྱུགས་ཆ་འཕྲིན་དོ་དམ་མ་ལག

དྲ་ཚུགས། http://ptgx.zsks.edu.xizang.gov.cn:8082

6. ཀྲུང་གོ་གློག་འཕྲིན་བློ་འདྲི་ལས་སྟེགས།

བློ་འདྲིའི་ཁ་པར། 96833513

7. ཀྲུང་གོ་སྒུལ་བདེའི་བློ་འདྲིའི་ལས་སྟེགས།

བློ་འདྲིའི་ཁ་པར། 12580

8. ཀྲུང་གོ་ལན་ཐུང་འཕྲིན་ཐུང་འདྲི་རྩད་ལས་སྟེགས།

རྒྱུགས་སྤྲོད་ལག་ཁྱེར་གྱི་ཨང་གྲངས་དང་རྟགས་#འདི་10655899ལ་བསྐུར་ན་འགྲིག