《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月25日

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གྱི་ཚོགས་འདུ་ཐེངས་55པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་23ཉིན་གནས་ཚུལ་འབྱོར་གསལ། ཚེས་23ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གྱི་ཚོགས་འདུ་ཐེངས་55པ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག《ཉེས་དོན་འདྲི་གཅོད་ལས་དོན་གནས་ཚུལ་སྐོར་གྱི་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་སྙན་སྒྲོན》སྐོར་གྱི་གྲོས་ཞིབ་བསམ་འཆར་དང་། 《ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་དམངས་དོན་ཞིབ་དཔྱོད་ལྟ་སྐུལ་ལས་དོན་གནས་ཚུལ་སྐོར་གྱིབོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་སྙན་སྒྲོན》སྐོར་གྱི་གྲོས་ཞིབ་བསམ་འཆར་གསན་པ་དང་། ཚོགས་འདུའི་བསམ་འཆར་ལ་གཞིགས་ནས་བཟོ་བཅོས་བརྒྱབ་རྗེས་སྙན་སྒྲོན་དེ་གཉིས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་ལ་བསྒྲུབ་རྒྱུར་བརྒྱུད་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད)

ཚོགས་འདུའི་ཐོག་མི་དོན་བསྐོ་འཐེན་གྱི་དོན་ཚན་ལ་ཞིབ་འཇུག་བྱས་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་སྲོལ་ཡིག(འཆར་ཟིན)》སྐོར་གྱི་གསལ་བཤད་དང་། 《བོད་རང་སྐྱོང་ལྗོངས་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་དོགས་ཟོན་སྲོལ་ཡིག(འཆར་ཟིན)》གྱི་ཞིབ་བཤེར་བསམ་འཆར་སྐོར་གྱི་སྙན་ཞུ་གསན་པ། རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་2019ལོའི་ནོར་སྲིད་ངེས་རྩིས་འཆར་ཟིན་ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུ་དང་གྲོས་ཆོད་འཆར་ཟིན་དང་། རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་2020ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞིའི་འཆར་ཟིན་ལ་ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུ་དང་གྲོས་ཆོས་འཆར་ཟིན། 2019ལོའི་ལོ་འཁོར་གྱི་རིམ་པ་འདི་གའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་རྩིས་བཤེར་ལས་དོན་སྐོར་གྱི་ཞིབ་བཤེར་སྙན་ཞུར་ཞིབ་འཇུག་བྱས་ནས། གོང་གསལ་གྱི་འབྲེལ་ཡོད་དོན་གནད་རྣམས་གོ་རིམ་གཞིར་བཟུང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཅིག་པའི་ཐོག་གྲོས་ཞིབ་བྱེད་རྒྱུར་འབུལ་རྒྱུའི་མོས་མཐུན་བྱས་པ་རེད།

ཚོགས་འདུའི་ཐོག་སྤྱི་པའི་རིག་གནས་ཞབས་ཞུ་འགན་ལེན་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་བསྟར་ཞིབ་བཤེར་ཚོགས་ཆུང་གི་སྙན་ཞུ་དང་། ས་རྒྱུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་ཞུ། ས་ཞིང་དོ་དམ་བཅའ་ཁྲིམས་དང་དེ་བཞིན་རང་ལྗོངས་ཀྱི་ལག་བསྟར་བྱ་ཐབས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱེད་རྒྱུའི་སྐོར་གྱི་སྙན་ཞུ་སོགས་གསན་པ་དང་། འཐུས་མི་འགའ་ཤས་ཀྱི་འཐུས་མིའི་འོས་བབ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་འཐུས་མིའི་འོས་བབ་ཞིབ་བཤེར་ཨུ་ལྷན་གྱི་སྙན་ཞུ་དང་སྤྱི་བསྒྲགས(མ་ཟིན)ལ་ཞིབ་འཇུག་བྱས་ནས། གོང་གསལ་གྱི་སྙན་ཞུ་དེ་དག་གོ་རིམ་བཞིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཅིག་པའི་ཐོག་གྲོས་ཞིབ་བྱེད་རྒྱུར་འབུལ་བའམ་ཡང་ན་ཡིག་ཐོག་ནས་ཚོགས་འདུའི་ཐོག་འགྲེམས་རྒྱུའི་མོས་མཐུན་ཡང་བྱས་པ་རེད། (ཉི་དོན་དང་རྣམ་ཕྱུག་རྒྱལ་གྱིས་སྒྱུར་ཞུས་བྱས)