《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月25日

མ་དངུལ་སྒོར་ཁྲི་300ལྷག་ཙམ་བཏང་བའི་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱི་དབུལ་སྐྱོར་རྣམ་གྲངས་སྤྱོད་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་7ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་དང་དཔའ་ཤོད་རྫོང་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གིས་ཡིད་ཆེན་ཤང་དུ་དབུལ་སྐྱོར་རྣམ་གྲངས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་གཉེར་བ་དེ་ཐོག་ནས་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་མ་དངུལ་སྒོར་ཁྲི་300ལྷག་ཙམ་བཏང་ནས་དཔའ་ཤོད་རྫོང་དུ་བསྐྲུན་པའི་ཡིད་ཆེན་ཤང་སོ་སྣར་གྲོང་ཚོའི་སྣེ་ལེན་སུའོ་དང་དཀྱིལ་གྲོང་ཤང་གི་ཕྱུགས་ལས་ཐོན་རྫས་ཚབ་ཉོ་ཚབ་ཚོང་ས་ཚིགས་དང་། གཡག་གི་རྩིད་པ་ལས་སྣོན་ས་ཚིགས། ཞིང་འཕྲུལ་ཡོ་བྱད་ཉམས་བཟོའི་ས་ཚིགས་བཅས་ཀྱི་རྣམ་གྲངས་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། དཀྱིལ་གྲོང་ཤང་གི་དབུལ་སྐྱོར་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་113.84བཏང་བའི་ནང་ཕྱུགས་ལས་ཐོན་རྫས་ཚབ་ཉོ་ཚབ་ཚོང་ས་ཚིགས་དང་། གཡག་གི་རྩིད་པ་ལས་སྣོན་ས་ཚིགས། ཞིང་འཕྲུལ་ཡོ་བྱད་ཉམས་བཟོའི་ས་ཚིགས་བཅས་ཚུད་པ་དང་དེ་ལས་དཀྱིལ་གྲོང་ཤང་གི་མང་ཚོགས་དབུལ་པོ་12ཀྱི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཐུབ་ཡོད།

དབུལ་སྐྱོར་རྣམ་གྲངས་རྩིས་སྤྲད་རྗེས། དཀྱིལ་གྲོང་ཤང་ནགས་ལྡེབས་གྲོང་ཚོ་དང་མཁར་ཆུང་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་24དང་། ཡིད་ཆེན་ཤང་གི་སོ་སྣར་གྲོང་ཚོ་དང་། སྣེའུ་ཆུང་གྲོང་ཚོ། ཆོས་སྒྲ་གྲོང་ཚོ། བང་ཆེན་གྲོང་ཚོ་བཅས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་108ལ་ཁེ་སྤོགས་བགོ་བཤའ་ཐུབ་ནས་མང་ཚོགས་དབུལ་པོར་རྒྱུན་མཐུད་འབབ་འཕར་བརྟན་པོ་ཡོང་རྒྱུ་ཡིན་པ་རེད།