《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月24日

པར་རིས་གསར་འགྱུར།

ཉེ་བའི་ལོ་ཤས་རིང་། འདམ་གཞུང་རྫོང་གིས་འབྲོག་པ་མང་ཚོགས་ཀྱི“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”འགན་ལེན་བྱ་རྒྱུར་དམིགས་ནས། གྲོང་གསེབ་ཀྱི་དྭངས་གཙང་འཐུང་ཆུའི་སྲ་བརྟན་མཐོར་གཏོང་འདུ་འགོད་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱས་པས་ཞིང་འབྲོག་པར་ཆུ་མཁོ་འདོན་བྱེད་ཚད་98%ཟིན་ཡོད། འདི་ལོ་གསར་དུ་ལས་འགོ་བཙུགས་པའི་གྲོང་གསེབ་ཀྱི་དྭངས་གཙང་འཐུང་ཆུའི་སྲ་བརྟན་མཐོར་གཏོང་གི་འདུ་འགོད་བརྒྱུད་འདམ་གཞུང་རྫོང་དབུ་མ་ཐང་ཤང་སྦྲ་ཁ་གྲོང་ཚོའི་ཚོགས་ཆུང་7པའི་དུད་ཚང་5ཡི་མི་48ཀྱི་དྭངས་གཙང་འཐུང་ཆུའི་གནད་དོན་ཐག་གཅོད་ཐུབ་ཅིང་། འདི་ནི་སྦྲ་ཁ་གྲོང་ཚོའི་འབྲོག་པ་འཇམ་དཔལ་ཆོས་རྣམ(གཡས་ཀྱི་དང་པོ)དང་ནང་མི་ཚོས་རང་ཁྱིམ་གྱི་ཀ་ལའི་ཆུ་མཁོ་འདོན་གྱི་གནས་ཚུལ་ལ་ལྟ་ཞིབ་བྱེད་བཞིན་པ།