《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月24日

ཉིང་ཁྲི་གྲོང་ཁྱེར་གྱིས“སྤྱི་བདེ་ཅུས་དང་འགན་བཅོལ་ཀུང་སི་མཉམ་ལས”ཀྱི་གྲོང་གསེབ་འགྲིམ་འགྲུལ་བདེ་འཇཌ་ཀྱི་ཁ་ཏ་སློབ་སྟོན་ས་ཚིགས་ཐོག་མ་བཙུགས་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་7ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས་ཉིང་ཁྲི་གྲོང་ཁྱེར་གྱི“སྤྱི་བདེ་ཅུས་དང་འགན་བཅོལ་ཀུང་སི་མཉམ་ལས”ཀྱི་གྲོང་གསེབ་ཀྱི་འགྲིམ་འགྲུལ་བདེ་འཇགས་ཁ་ཏ་སློབ་སྟོན་ས་ཚིགས་ཐོག་མ་སྣང་རྫོང་གྲོང་མདའ་གྲོང་རྡལ་དུ་དངོས་སུ་བཙུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཁ་ཏ་སློབ་སྟོན་ས་ཚིགས་ནི་སྣང་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་དང་ཀྲུང་གོ་མི་དམངས་འགན་བཅོལ་ཀུང་སི་སྣང་རྫོང“ཞིང་གསུམ”འགན་བཅོལ་ཞབས་ཞུའི་ས་ཚིགས་ཀྱིས་མཉམ་དུ་བསྐྲུན་པ་དང་ཁྱོན་ཁ་ཏ་སློབ་སྟོན་པ་གསུམ་བཀོད་སྒྲིག་བྱས་ཡོད། ཁོ་ཚོའི་ལས་འགན་གཙོ་བོ་ནི་ཉེ་འཁོར་ལམ་རྒྱུད་དུ་སྐོར་གཡེང་བྱེད་པ་དང་འགྲོ་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཁ་ཏ་སློབ་སྟོན་བྱེད་པ། འགྲིམ་འགྲུལ་དྲིལ་བསྒྲཌ་དང་འགྲིམ་འགྲུལ་ལས་འཛོལ་གྱི་སྐྱིན་གསབ་མགྱོཌ་མྱུར་འཇལ་བ་སོགས་ཡིན་པ་རེད།