《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月24日

བོད་ཀྱི་དྲ་ཐོག་རྐང་འཁོར་འགྲན་བསྡུར་སྐབས་དང་པོ་མཇུག་འགྲིལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་22ཉིན་གནས་ཚུལ་འབྱོར་གསལ། ཟླ་7ཚེས་20ཉིན“དམངས་ཡོངས་ལུས་སྦྱོང·གསོན་ཉམས་ལྡན་པའི་ཀྲུང་གོ”ཞེས་པའི་བོད་ཀྱི་དྲ་ཐོག་རྐང་འཁོར་འགྲན་བསྡུར་སྐབས་དང་པོ་བདེ་བླག་ངང་མཇུག་འགྲིལ་བ་དང་། ཚེས་22ཉིན་ལྷ་སའི་རྟ་རྒྱུག་ར་བ་བོད་ལྗོངས་ལུས་རྩལ་ཀུན་གཏོད་བར་མཐོངས་སུ་བྱ་དགའ་སྤྲོད་པའི་ མཛད་སྒོ་འཚོགས་པ་རེད།

བཞོན་གྲོགས་ཚོས་ལག་འཁྱེར་ཁ་པར་གྱི་APPདང་རིག་ནུས་རྐང་འཁོར་བཞོན་པའི་ལས་སྟེགས་བརྒྱུད་འདེམས་ཤོག་འཕེན་པ་དང་མོས་བསྟོད་ཀྱི་ལྷུ་ཚིགས་ནང་ཞུགས་ཤིང་། མཐར་ཨན་ཧུའེ་ཧྥུའུ་དབྱང་གྲོང་ཁྱེར་ནས་ཡིན་པའི་བདམས་ཐོན་པ་ཝང་ཡུས་ཆིང་གིས་རྐང་འཁོར་བཞོན་པའི་ལམ་ཐིག་སྤྱི་ལེ་912.49ཡི་ཐོག་ནས་ཨང་དང་པོར་སླེབས་པ་དང་། མོས་བསྟོད་འདེམས་ཤོག་255ཡི་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་མང་བའི་ཨང་དང་པོ་ཐོབ་པ་རེད།