《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月24日

ནོར་བུ་དོན་གྲུབ་ཀྱིས་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་22ཉིན་གནས་ཚུལ་འབྱོར་གསལ། ཚེས་20ཉིན་གྱི་ཕྱི་དྲོར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་བཀོད་འདོམས་པ་བཅས་ཡིན་པའི་ནོར་བུ་དོན་གྲུབ་ཀྱིས་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ཟླ་7ཚེས་10ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི(རྒྱ་ཆེའི)ཚོཌ་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་2020ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལྟ་ཞིབ་ལས་དོན་སྐོར་གྱི་གནས་ཚུལ་སྙན་སེང་གསན་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།

ནོར་བུ་དོན་གྲུབ་ཀྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་གཏོང་བ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་རྒྱལ་ཁ་ཕུ་ཐག་གཅོད་དགོས་པ་དང་། “མཚམས་འཇོག་མི་བྱེད་པ་བཞི”ཡི་བླང་བྱ་དོན་འཁྱོལ་མཐའ་འཁྱོངས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་སྤུས་ཚད་དང་རྒྱུན་མཐུད་འཕེལ་རྒྱས་འགན་ལེན་བྱེད་པ་དང་ཆབས་ཅིག“ཕན་བདེའི་རྒྱ་རྙི”སྔོན་འགོག་བྱེད་དགོས་པ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ཁྱབ་ཁོངས་སུ་ཡོང་འབབ་བརྟན་པོ་འཕར་བ་དང་། སྟོབས་དང་ལྡན་པའི་གཞི་རིམ་གྱི་རྩ་འཛུགས་འགན་ལེན་བྱེད་པ། ཕྱོགས་ཡོངས་ཀྱི་སྲིད་ཇུས་ལེ་ལག་ཆ་ཚང་བ། བསམ་བློ་དང་བརྩེ་སེམས་འཆང་བཞིན་ལས་དོན་སྒྲུབ་པ་སོགས་མཐའ་འཁྱོངས་བྱས་ནས་གནས་སྤོ་ཐུབ་པ་དང་། གཞི་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བྱེད་དགོས་པ། ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། རིགས་དབྱེ་མཛུབ་ཁྲིད་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་མང་ཚོགས་ཞུགས་ཚད་དང་མང་ཚོགས་ལ་ཕན་འབྲས་ཐོབ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། མཐར་ལུས་དུད་ཚང་དང་ཡོང་འབབ་བརྟན་པོ་མེད་པའི་དུད་ཚང་ལ་ལྟ་ཞིབ་དང་འགན་ལེན་ལམ་སྲོལ་དང་རོགས་སྐྱོར་བྱེད་ཐབས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་བལྟོས་བཅས་དབུལ་པོ་ཐག་གཅོད་བྱེད་པའི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་ཀྱིས་འཛུགས་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།