《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月23日

རིམས་ནད་ཐོན་པའི་སྐབས་ཀྱི་ལོ་བརྒྱའི་ཁྲོམ་གཞུང་།

↑ མཱ་ཧ་ནེ་གཡོད་ཧུའུ་ཏ་ཁྲོམ་གཞུང་ནི་ཅེ་རུས་ས་ལེམ་གྱི་ཁྲོམ་གཞུང་སྐད་གྲགས་ཅན་ཞིག་ཡིན། དེར་ལོ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཡོད་པས། ས་གནས་དེ་གའི་དམངས་ཚོགས་དང་ཕྱི་ནས་འོང་བའི་ཡུལ་སྐོར་བ་དེ་ཁུལ་དུ་འགྲོ་རྒྱུར་ཧ་ཅང་དགའ་པོ་ཡོད། ཟླ་ལྔ་པ་ནས་བཟུང་མཱ་ཧ་ནེ་གཡོད་ཧུའུ་ཏ་ཁྲོམ་གཞུང་བསྐྱར་དུ་སྒོ་ཕྱེ་ནའང་། འབྲེལ་ཡོད་ཀྱི་རིམས་ནད་ཚོད་འཛིན་གྱི་བྱ་ཐབས་ལ་བརྩི་སྲུང་ཞུ་དགོས་པ་དཔེར་ན། གཟུགས་པོའི་དྲོད་ཚད་མི་ལྟ་བར་ནང་དུ་འཛུལ་མི་ཆོག་པ་དང་། ཚོང་དུད་དང་ཉོ་མཁན་གྱིས་ངེས་པར་དུ་ཁ་རས་རྒྱག་དགོས་པ། ཁྲོམ་རར་དུག་སེལ་དུས་བཀག་བཞིན་བྱེད་དགོས་པ་སོགས་རེད། འདི་ནི་ཁ་རས་བརྒྱབ་པའི་དམངས་ཚོགས་ཀྱིས་ཅེ་རུས་ས་ལེམ་གྱི་མཱ་ཧ་ནེ་གཡོད་ཧུའུ་ཏ་ཁྲོམ་གཞུང་དུ་ཉོ་ཆ་རྒྱག་བཞིན་པ།