《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月23日

བོད་སྡོད་དཔུང་སྡེ་ཞིག་གིས།

འབྲུབ་འགོག་ལས་དོན་ཡག་པོ་བསྒྲུབས་ནས་རྒྱབ་ཕྱོགས་ཀྱི་དངོས་ཟོག་བདེ་འཇགས་འགན་ལེན་བྱས་པ།

↑ རང་ལྗོངས་སུ་ཆར་དུས་སླེབས་པ་དང་སྦྲགས་ཐོན་སྲིད་པའི་འབྲུབ་ཆུར་ཁ་གཏད་གཅོག་ཆེད། ཉེ་ཆར་བོད་སྡོད་དཔུང་སྡེ་ཞིག་གི་དཔོན་དམག་གིས་འབྲུབ་འགོག་དང་ཆུ་ལོག་འགོག་པའི་དངོས་འཐབ་ནང་སྦྱོང་བྱས་པ་དང་དཔོན་དམག་གི་ཆུ་ལོག་འགོག་པའི་སྦྱོང་བརྡར་གྲུབ་འབྲས་དང་ཚན་རིག་དང་མཐུན་པའི་སྲོག་སྐྱོབ་ནུས་པར་ཞིབ་བཤེར་བྱས་ཏེ། ཆུ་ལོག་ཐོན་སྐབས་ཀྱི་རོགས་སྐྱོབ་ལས་འགན་ལེགས་གྲུབ་ཡོང་རྒྱུའི་འགན་ལེན་གྱིས་འཕྲལ་དུ་དོན་ཐུབ་པ་དང་འགོག་ཐུབ་པ་བྱས་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་གང་ཐུབ་བྱས་ཤིང་། འདི་ནི་བོད་སྡོད་དཔུང་སྡེ་ཞིག་གི་དཔོན་དམག་ཚོས་འབྲུབ་འགོག་ཉེན་སེལ་གྱི་ནང་སྦྱོང་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་21ཉིན་གནས་ཚུལ་འབྱོར་གསལ། རང་ལྗོངས་སུ་ཆར་དུས་ཤར་བ་དང་ཆུ་རུད་མང་པོ་ཐོན་པའི་ནམ་དུས་ཀྱི་ཁྱད་ཆོས་ལ་དམིགས་ནས་ཉིན་ཤས་རིང་བོད་སྡོད་དཔུང་སྡེ་ཞིག་གིས་འབྲུབ་དུས་ཀྱི་འཕྲལ་སྡོམ་ལས་རེས་ལ་ཤུགས་སྣོན་རྒྱག་པ་དང་། འབྲུབ་ཆུར་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ཆུ་ལོག་འགོག་པའི་མཁྲེགས་ཆས་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་ནས་ཐོལ་བྱུང་དོན་རྐྱེན་ཐོན་སྐབས་དུས་ཐོག་ཏུ་ཁ་གཏད་གཅོག་ཐུབ་པའི་འགན་ལེན་བྱས་པ་རེད།

ན་ནིང་ཟླ་7པའི་ཟླ་དཀྱིལ་དུ་ཆུ་རུད་ཀྱི་ཤུགས་རྐྱེན་ཕོག་པའི་རྐྱེན་གྱིས་བོད་སྡོད་དཔུང་སྡེའི་རྫས་མདེལ་མཛོད་ཁང་གི་ལམ་སྐྱོར་དང་ཆུ་རགས་ལ་གཏོར་སྐྱོན་ཕོག་ནས་རྒྱབ་ཕྱོགས་དངོས་ཟོག་དོ་དམ་གསོག་ཉར་ལ་མངོན་མེད་ཀྱི་རྐྱེན་ངན་ཆེན་པོ་ལྷག་ཡོད། འདི་ལོའི་ཟླ་7པ་ནས་བཟུང་བོད་སྡོད་དཔུང་སྡེ་ཞིག་གིས་བརྙན་འཕྲིན་ཚོགས་འདུའི་མ་ལག་སྤྱད་ནས་ཉིན་མཚན་དབྱེར་མེད་དུ་འགོ་ཁྲིད་པས་ལས་རེས་ཀྱི་སྣེ་ཁྲིད་པའི་ལམ་ལུགས་བཟོས་ཡོད། བཅའ་སྡོད་ཁུལ་གྱི་གནམ་གཤིས་སྡེ་ཚན་དང་འབྲེལ་གཏུགས་དམ་ཟབ་བྱས་ཏེ་གནམ་གཤིས་གནས་ཚུལ་ལ་དོ་སྣང་ནན་པོ་བྱས་པ་དང་། འབྲུབ་འགོག་གི་ཤེས་བྱའི་འཆད་ཁྲིད་སྤེལ་ནས་དཔོན་དམག་གི་བདེ་འཇགས་འདུ་ཤེས་ཟབ་ཏུ་བཏང་བ། དམག་སྒར་ཉེ་འཁོར་དུ་བསྡིགས་སོ་སྤྲོད་ཆས་མང་དུ་བཏང་ནས་གཙང་པོ་གཤོང་བའི་ལས་དོན་ཧུར་ཐག་སྤེལ་ཏེ་ཆུ་རགས་དང་ལམ་སྐྱོར་ཉམས་བཟོ་དང་བརྟན་དུ་བཏང་བ་རེད།

དེ་དང་དུས་མཚུངས་བོད་སྡོད་དཔུང་སྡེ་ཞིག་གིས་འབྲུབ་འགོག་ཇུས་གཞི་སྔར་བས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་ནས་རྐང་འཛིན་ཁོངས་མི་བདམས་ཏེ་འཕྲལ་སྡོམ་ཡན་ལག་རུ་ཁག་བཙུགས་པ་དང་གཞི་རིམ་ལ་ལྕགས་ཁེམ་དང་རྩྭ་རས་སོགས་འབྲུབ་འགོག་དངོས་ཟོག་སྤྲད་དེ་ཆུ་མ་ཤོར་གོང་ནས་རགས་རྒྱག་པ་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱས་ཏེ་རང་བྱུང་གནོད་འཚེ་ལས་ཐོན་པའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱས་པ་རེད།