《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月23日

ལྗོངས་ཏང་ཨུད་སྐོར་གཟིགས་ཚོགས་ཆུང་དང་པོས་ལྷ་ས་གྲོང་ཁྱེར་ལ་སྐོར་གཟིགས་བྱས་ཚུལ་གྱི་ཚུར་ལན་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་21ཉིན་གནས་ཚུལ་འབྱོར་གསལ། ཟླ་7ཚེས་20ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་ཚོགས་ཆུང་དང་པོས་ལྷ་ས་གྲོང་ཁྱེར་ལ་སྐོར་གཟིགས་ཀྱི་བསམ་འཆར་ཚུར་ལན་བྱས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཝུའེ་ཏུང་ཚུར་ལན་ཚོགས་འདུར་ཞུགས་པ་དང་འབྲེལ་སྐོར་གཟིགས་དག་ཐེར་ཐད་བླང་བྱའང་བཏོན་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་རྣམ་འགྱུར་སྟོན་པའི་གཏམ་བཤད་ཀྱང་གནང་བ་རེད།

ཝང་ཝུའེ་ཏུང་གིས་ནན་བཤད་གནང་དོན། སྐོར་གཟིགས་དག་ཐེར་བྱེད་པར“སྲུང་སྐྱོང་གཉིས”ཐུབ་པའི་ཆབ་སྲིད་ཀྱི་རང་རྟོགས་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཕོད་པ་བྱེད་དགོས། སྐོར་གཟིགས་བྱ་ཡུལ་ས་ཁུལ་གྱི་ཏང་ཨུད(ཏང་ཙུའུ)ཀྱིས་སྐོར་གཟིགས་དག་ཐེར་གྱི་བྱེད་པོའི་འགན་འཁྲི་ཏན་ཏིག་ངང་འཁུར་ནས། བསམ་བློར་འགྱུར་ལྡོག་གཏོང་བ་ནས་འགོ་འཛུགས་པ་དང་རིམ་པ་དེ་གར་འགྱུར་ལྡོག་གཏོང་བ་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས“མིག་སྔར་འགྱུར་ལྡོག་གཏོང་བ”དང“ཕུགས་ནས་འགྱུར་ལྡོག་གཏོང་བ”གཉིས་ཟུང་འབྲེལ་བྱས་ཏེ་སྐོར་གཟིགས་ཀྱི་ཚུར་ལན་བསམ་འཆར་རེ་རེ་བཞིན་དག་ཐེར་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་སྡེ་ཚན་གྱིས་རང་ངོས་དག་ཐེར་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག དག་ཐེར་ལས་དོན་གྱི་རྒྱུན་གཏན་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས། དག་ཐེར་གྱི་འགན་འཁྲི་ནན་དུ་གཏོང་བ་དང་། དག་ཐེར་བྱེད་པའི་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་མཐའ་གཅིག་ཏུ་ཡོ་བསྲང་བྱས་ཏེ་སྐོར་གཟིགས་ཚུར་ལན་གནད་དོན་ཕྱོགས་ཡོངས་དང་ནུས་ལྡན་ངང་དག་ཐེར་ཡོང་བར་སྐུལ་འདེད་གཏོང་དགོས།

པད་མ་དབང་འདུས་ཀྱིས་ནན་བཤད་གནང་དོན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས“སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་བའི་མཐོ་ཚད་ཐོག་ནས་སྐོར་གཟིགས་དག་ཐེར་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་མིག་སྔའི་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལྟ་སྐུལ་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་སྐོར་གཟིགས་དག་ཐེར་ལས་དོན་དངོས་སྒྲུབ་དང་། བརྒྱུད་རིམ་ཏན་ཏིག ཕན་འབྲས་དངོས་ཐོན་པ་བཅས་ཀྱི་འགན་ལེན་བྱེད་དགོས།

(ཉི་དོན་དང་བསོད་བདེ་གཞོན་པས་སྒྱུར་ཞུས་བྱས)