《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月23日

ཆབ་མདོས་ཁྲལ་མིན་ཡོང་འབབ་གློག་རྡུལ་བསྡུ་ལེན་ལས་སྒོ་སྤེལ་ནས་སྒོར་དུང་ཕྱུར་2.8མཛོད་དུ་བཅུག་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། 2019ལོའི་ཟླ་7པར། བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་རིམ་པའི་ཁྲལ་མིན་ཡོང་འབབ་ཁག་དང་པོའི་གློག་རྡུལ་ལས་སྒོ་ཆབ་མདོར་གྲུབ་འབྲས་ལྡན་པའི་ངང་གཉེར་ནས་མཛོད་འཇུག་བྱས་པ་རེད། དེ་ཐོག་ནས་ཆབ་མདོ་གྲོང་ཁྱེར་གྱི་ཁྲན་མིན་ཡོང་འབབ་བསྡུ་ལེན་གློག་རྡུལ་ཅན་གྱི་དོ་དམ་ལ་དུས་མཚམས་རང་བཞིན་གྱི་ཚད་བརྒལ་བྱུང་བ་མཚོན་གྱི་ཡོད། འདི་ལོའི་ཟླ་7པའི་ཟླ་དཀྱིལ་བར། ཆབ་མདོ་གྲོང་ཁྱེར་གྱིས་ཁྲལ་མིན་ཡོང་འབབ་གློག་རྡུལ་ཅན་གྱི་བསྡུ་ལེན་ལས་སྒོ་སྤེལ་ཏེ་མ་དངུལ་ཁག་4082མཛོད་འཇུག་བྱས་པར་རིམ་རྩིས་བྱས་ན་དངུལ་འབོར་སྒོར་དུང་ཕྱུར་2.89ཟིན་གྱི་ཡོད་པ་རེད།