《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月23日

རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གིས།

《〈ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ〉དེབ་གསུམ་པ་སློབ་སྦྱོང་སྒྲིག་འཛུགས་ནན་ཏན་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་བརྡ་ཐོ》བརྒྱུད་སྤེལ་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་གིས《<ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ>དེབ་གསུམ་པ་སློབ་སྦྱོང་སྒྲིག་འཛུགས་ནན་ཏན་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བརྒྱུད་སྤེལ་བྱས་ནས། ས་གནས་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

《བརྡ་ཐོའི》ནང་བསྟན་དོན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གསུམ་པ་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱ་རྒྱུ་དེ་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལེན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱ་རྒྱུར་སྐུལ་འདེད་བཏང་སྟེ། དེའི་ནང་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། ཐབས་ཤེས་བཅས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

《བརྡ་ཐོའི》ནང་བླང་བྱ་བཏོན་དོན། རིམ་ཁག་ཏང་རྩ་འཛུགས་ཀྱིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གསུམ་པ་དང་། དེབ་དང་པོ། དེབ་གཉིས་པ་བཅས་སྤྱི་ལ་བརྩིས་ནས་སློབ་སྦྱོང་དྲིལ་བསྒྲགས་དང་ཞིབ་འཇུག་འཆད་འགྲེལ་ལས་དོན་བཀོད་སྒྲིག་ཞིབ་ཚགས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་རང་སོ་སོའི་ཁྱད་ཆོས་ལྡན་པའི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་དཔེ་སྟོན་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གསུམ་པ་སློབ་སྦྱོང་འཆར་གཞིའི་ནང་བཅུག་ནས། དུས་ཐོག་ཏུ་སློབ་སྦྱོང་གི་ཆེད་དོན་བཀོད་སྒྲིག་བྱས་ཏེ། ཐུན་མོང་ཐོག་སློབ་སྦྱོང་དང་གྲོས་བསྡུར་གྱིས་སློབ་སྦྱོང་གི་ཕན་འབྲས་དེ་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་དང་། བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཅོས་སྐྱོང་ནུས་པ་དང་ལས་ཀའི་ཆུ་ཚད་དུ་དངོས་སུ་བསྒྱུར་བ་བྱེད་དགོས། རིམ་ཁག་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང)ཁག་གིས་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་བྱས་ནས་ཆེད་དོན་ཞིབ་བསྡུར་འཛིན་གྲྭ་དང་། གསོ་སྦྱོང་འཛིན་གྲྭ འཆད་ཁྲིད་ཆེ་མོ་སོགས་ཀྱི་རྣམ་པ་བརྒྱུད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གསུམ་པ་གསོ་སྦྱོང་སློབ་ཁྲིད་ཀྱི་ནང་དོན་གལ་ཆེན་ལ་བཅུག་ནས་ཏང་ཡོན་ལས་བྱེད་པར་ཆེད་དོན་གསོ་སྦྱོང་བྱེད་དགོས། མཐོ་སློབ་ཁག་གིས་དེ་ཉིད་དགེ་སློབ་ཀྱི་བསམ་བློ་དང་ཆབ་སྲིད་སློབ་གསོའི་སློབ་གཞི་གལ་ཆེན་དུ་བརྩི་དགོས། རིམ་ཁག་ཏང་ཨུད་ཀྱི་འཆད་ཁྲིད་ཚོགས་པས་གཞི་རིམ་ཏང་ཡོན་དང་མང་ཚོགས་ལ་སྒྲོག་འགྲེལ་གྱི་བྱེད་སྒོ་སྒྲིག་འཛུགས་ཡག་པོ་བྱེད་པ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་དང་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས“མི་སེར་གྱི་་ཁྱིམ་དུ་ཁྱབ་སྤེལ་ཡོང་བར”སྐུལ་འདེད་གཏོང་དགོས། “སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”ཀྱི་བོད་ལྗོངས་སློབ་སྦྱོང་ལས་སྟེགས་དང་བོད་ལྗོངས་རྩ་འཛུགས་ལས་དོན་APPསོགས་སྨྱན་སྦྱོར་གསར་པས་བརྒྱུད་སྤེལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་དྲ་ཐོག་དང་དྲ་ཕྱིར་ཁྱབ་སྤེལ་ཡོང་བ་བྱེད་དགོས།

(བདེ་སྐྱིད་དང་ཚེ་ཁོས་སྒྱུར་ཞུས་བྱས)