《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月21日

ཇོ་མོ་གླང་མའི་ཁེ་ལས་མཁས་ཅན་གྱི་སྦྱོང་བརྡར་ཐེངས་བཞི་པ་གཉེར་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་19ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ཇོ་མོ་གླང་མའི་ཁེ་ལས་མཁས་ཅན་གྱི་སྦྱོང་བརྡར་ཐེངས་བཞི་པ་བྱས་ཤིང་། མིག་སྔའི་བར་ས་གནས་དེ་གའི་ཁེ་ལས་མཁས་ཅན་300ལྷག་ཙམ་སློབ་སྦྱོང་དང་གསོ་སྦྱོང་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ལྷ་ས་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཤུགས་ཆེན་རྒྱབ་སྐྱོར་འོག བོད་ལྗོངས་སློབ་ཆེན་དང་ལྷོ་ནུབ་ནོར་དཔལ་སློབ་ཆེན་གྱིས་ཇོ་མོ་གླང་མའི་ཁེ་ལས་མཁས་ཅན་གྱི་སྦྱོང་བརྡར་གྱི་སྤྱི་ཕན་རྣམ་གྲངས་མཉམ་འབྲེལ་ཐོག་བཏོན་པ་རེད། རྣམ་གྲངས་དེའི་དམིགས་ཡུལ་ནི་རང་ལྗོངས་ཀྱི་ལས་གཏོད་པ་དེ་བས་མང་བར་ཚོང་ལས་དོ་དམ་གྱི་ཤེས་བྱ་མཁོ་འདོན་བྱས་ཏེ། ལས་གཏོད་པའི་ཕྱོགས་བསྡུས་བྱང་ཚད་སྔར་བས་མཐོ་རུ་བཏང་ནས་བོད་ཀྱི་དཔལ་འབྱོར་སྐྱོན་བྲལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་ཆེད་རེད།