《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月21日

ཞིང་ལས་དངུལ་ཁང་གི་དབུལ་སྐྱོར་ཚོང་གྲོང་ལྗོངས་ཡོངས་ཀྱི་རྫོང(ཆུས)74ལ་ཁྱབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ནས་ཟླ་7ཚེས་19ཉིན་གནས་ཚུལ་འབྱོར་གསལ། འཛད་སྤྱོད་དབུལ་སྐྱོར་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཞིང་ལས་དངུལ་ཁང་གི་དབུལ་སྐྱོར་ཚོང་གྲོང་ཁྱབ་གདལ་ཤུགས་ཆེན་བཏང་སྟེ། ལྗོངས་ནང་ཁུལ་གྱི་ཁྱད་ལྡན་ཐོན་རྫས་ལ་འགྲེམས་ཚོང་ལས་སྟེགས་ཤིག་བསྐྲུན་ནས་ཁེ་ལས་ལ་ཕྱོགས་ཡོངས་དང་ནུས་ཆེའི་དངུལ་རྩའི་ཞབས་ཞུ་རྒྱུན་མཐུད་མཁོ་འདོན་བྱས་པ་རེད།

ཟླ་6ཚེས་30ཉིན་བར། དངུལ་ཁང་དེས་ལྗོངས་ཡོངས་ཀྱི་རྫོང(ཆུས)74ཡི“རྫོང་གཅིག་དང་། དུད་ཚང་གཅིག སྤུས་རྟགས་གཅིག”གི་དམིགས་ཚད་ལེགས་སྒྲུབ་བྱས་ནས་དབུལ་སྐྱོར་ཚོང་གྲོང་གི་དྲ་ཐོག་ཏུ་ཚོང་ཟོག་སྣ་ཁ་300ལྷག་ཙམ་སྟོན་པ་དང་། ཚོང་ཁང་93ཞུགས་པ། ལོ་སྟོད་ནས་བཟུང་ཉོ་ཚོང་བྱེད་ཚད(ཉོ་སྒྲུབ་དུད་སྣེ)སྒོར་ཁྲི་352.55ཟིན་པ་བཅས་བྱུང་ནས་ཞིང་ལས་དངུལ་ཁང་གི་དབུལ་སྐྱོར་ཚོང་གྲོང་དེ་རྒྱལ་ཁབ་ཀྱིས་གཏན་ཁེལ་བའི་ལྗོངས་ཡོངས་ཀྱི་རྫོང་དབུལ་པོ་ཡོངས་སུ་ཁྱབ་སྟེ་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་རྒྱལ་ཡོངས་ལ་ཕྱོགས་པའི་ཕྱིར་ཚོང་ལས་སྟེགས་བསྐྲུན་པ་རེད།