《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月21日

རྫ་ཡུལ་རྫོང་གཤོང་གཉིས་གྲོང་ཚོར་བཀོད་སྒྲིག་བྱས་པའི་མང་ཚོགས་ཀྱིས།

བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་ སྐྱེལ་འགོ་བཙུགས་པ།

ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལག་བསྟར་གཏིང་ཟབ་བྱས་པ་དང་བསྟུན་ནས་མང་ཚོགས་དབུལ་པོ་མང་དག་ཅིག་རི་ཁུག་ནས་ཁྱིམ་གཞིས་གསར་པར་སྤོས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་ཡོད།

ཆ་སྙོམས་ས་བབ་མཐོ་ཚད་སྨི་2300ཙམ་ཡོད་པའི་རྫ་ཡུལ་རྫོང་གཤོང་གཉིས་གྲོང་ཚོར་ཁྱོན་བསྡོམས་དུད་ཚང་52དང་མི་316ཡོད་ལ་རྫ་ཡུལ་རྫོང་གྲོང་དང་བར་ཐག་སྤྱི་ལེ་7ཡོད། 2010ལོར་མགོ་ལ་ཤང་ནས་འགྲོ་བ་དགོན་གྲོང་རྡལ་དུ་སྤྱི་ཡོངས་གནས་སྤོ་བྱས་རྗེས། 2019ལོའི་ལོ་མཇུག་ཏུ་གཤོང་གཉིས་གྲོང་ཚོ་གསར་པར་ཡང་བསྐྱར་གནས་སྤོ་བྱས་པ་རེད།

གཤོང་གཉིས་གྲོང་ཚོའི་དུད་ཚང་ཚང་མའི་རྒྱལ་སྒོའི་གཞོགས་གཅིག་ཏུ་སྒོ་རྟགས་དང་རྩ་གཉིས་ཨང་རྟགས་སྦྱར་ཡོད་པས། རྩ་གཉིས་ཨང་རྟགས་བཤེར་ཚེ་སྡོད་གནས་དང་ཆེད་འགན་འཁུར་མཁན་གྱི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པའི་ཁ་པར་ཨང་གྲངས་གསལ་པོར་མཐོང་ཐུབ།

ད་ལྟའི་གཤོང་གཉིས་གྲོང་ཚོ་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་བས་ཐག་ཉེ་སའི་རྫོང་གྲོང་དུ་གླ་པར་བསྐྱོད་ཆོག་ལ། སྨན་བཅོས་དང་རྒན་གསོ་རྒན་བཅོལ་ནང་ཞུགས་ཚད་དང་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་100%ཟིན་ཡོད།

གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཕུར་རྡོར་གྱིས“སྔོན་ཆད་ཀྱི་གཤོང་གཉིས་གྲོང་ཚོ་གནས་ཡུལ་ཉེན་ཁ་ཆེ་བ་དང་། འགྲིམ་འགྲུལ་སྟབས་བདེ་མེད་པ། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཞན་པ། མང་ཚོགས་ཀྱི་འཐུང་ཆུ་དང་ཆུ་སྤྱོད་ཐད་དཀའ་ངལ་ཆེ་བ། དཔལ་འབྱོར་ཡོང་འབབ་གཙོ་བོ་ནི་ནགས་ཁྲོད་ཀྱི་ཐོན་ཁུངས་ལ་བརྟེན་དགོས་ཀྱི་ཡོད། ད་ཆ་དུད་ཚང་ཚང་མར་བརྙན་འཕྲིན་དང་། གོས་འཁྲུའི་འཕྲུལ་ཆས། འཁྱགས་སྒམ་སོགས་གློག་ཆས་ཡོད་ལ། ཉི་འོད་ནུས་པའི་ཆུ་དྲོད་འཕྲུལ་ཆས་ཀྱང་སྒྲིག་སྦྱོར་བྱས་ཡོད། གྲོང་ཚོར་ལམ་སྒྲོན་བཙུགས་ཡོད་ལ་རྩྭ་རྩི་ཤིང་བཏབ་པ་དང་། སྒོ་རའི་ནང་སེ་འབྲུ་དང་། ཁམ་བུ། ཀུ་ཤུ་སོགས་ཀྱི་ཤིང་འབྲས་བཏབ་ཡོད་པས་རང་ཉིད་ཀྱིས་ལོངས་སུ་སྤྱོད་པ་ཕུད་ད་དུང་རྫོང་གྲོང་དུ་འཚོང་བར་འགྲོ་རྒྱུ་ཡོད”ཅེས་བརྗོད།

འདི་ལོ་ལོ་58ལ་སླེབས་པའི་བཟང་མོའི་བུ་དང་མནའ་མ་རིར་དབྱར་རྩྭ་དགུན་འབུ་རྐོ་བར་བསྐྱོད་སྐབས་ཁོང་གིས་ཁྱིམ་དུ་ཚ་བོ་གཉིས་ལ་ལྟ་སྐྱོང་བྱེད་ཀྱི་ཡོད། ང་ཚོ་མཐོང་འཕྲལ་ཁོང་གིས་ང་ཚོ་ཁྱིམ་དུ་འབོད་པ་མ་ཟད“སྔོན་ཆད་ང་ཚོའི་འཚོ་བའི་ཆ་རྐྱེན་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པ་བརྒྱུད། ད་ཆ་ཕྲུ་གུ་ཚོ་སློབ་གྲྭར་བསྐྱོད་བདེ་ལ་སྡོད་སའི་ཁོར་ཡུག་ཀྱང་ཧ་ཅང་ལེགས་སུ་ཕྱིན་ཡོད་པས་སེམས་གཏིང་ནས་གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བརྗོད།