《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月21日

རང་ལྗོངས་ཀྱི་ཤིན་ཧྭ་དཔེ་ཚོང་ཁང་གིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གསུམ་པ་རྒྱལ་ཡོངས་དང་མཉམ་དུ་འགྲེམས་སྤེལ་བྱས་ཚུན། རང་ལྗོངས་ཀྱི་ས་གནས་ཁག་དང་། ཚན་པ་ཁག སྡེ་ཚན་ཁག་གིས་གཅིག་མཇུག་གཉིས་མཐུད་ངང་མངགས་ཉོ་བྱེད་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་སློབ་སྦྱོང་ནན་ཏན་དང་གཏིང་ཟབ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། འདི་ནི་གྲོང་མིས་ལྷ་སའི་ཤིན་ཧྭ་དཔེ་ཚོང་ཁང་དུ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གསུམ་པ་ཉོ་བཞིན་པ།