《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月21日

ལྷ་ཉིང་ལྕགས་ལམ་གྱི་འབྲེལ་མཐུད་དྲ་རྒྱའི་ཆེད་ལས་ཀྱི་ལས་གྲྭ་ཐོག་མ་སྐྲུན་ཟིན་པ།

ལམ་ཐིག་ཧྲིལ་པོའི་གློག་ཤུགས་ཨར་སྐྲུན་ཐད་ཚད་ལྡན་ཚད་གཞི་གཏན་འཁེལ་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་དུམ(གཤམ་དུ“ལྷ་ཉིང་ལྕགས་ལམ”ཞེས་བསྡུ་རྒྱུ)གྱི་འབྲེལ་མཐུད་དྲ་རྒྱའི་ཆེད་ལས་ཀྱི་ལས་གྲྭ་ཐོག་མ་ལྷོ་ཁ་གྲོང་ཁྱེར་གྲ་ནང་ནས་གྲ་ཕྱི་བར་བདེ་བླག་ངང་སྐྲུན་ཟིན་ཞིང་། ལམ་ཐིག་ཧྲིལ་པོའི་གློག་ཤུགས་ཨར་སྐྲུན་ལ་ཚད་ལྡན་དང་ཚད་གཞི་གཏན་འཁེལ་བྱས་ཡོད། དེ་ལྷ་ཉིང་ལྕགས་ལམ་མགྱོགས་མྱུར་དང་སྤུས་ཚད་ལྡན་པའི་སྒོ་ནས་འཛུགས་སྐྲུན་དང་དེ་བཞིན“སྤུས་ལེགས་ཀྱི་ལས་གྲྭ”འཛུགས་སྐྲུན་བྱ་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྕགས་ལམ་འབྲེལ་མཐུད་དྲ་རྒྱ་ནི་ལྕགས་ལམ་ལམ་རྒྱུད་སྟེང་འཐེན་ཁྲིད་བྱས་པའི་གློག་འདོན་སྐུད་ལམ་ཞིག་རེད། འབྲེལ་མཐུད་དྲ་བའི་འདྲེན་སྐུད་ལས་འདྲེད་ལམ་དང་འབྲེལ་བའི་ནུས་པ་ཐོན་པ་དང་འབྲེལ། གློག་མཚམས་མི་ཆད་པའི་སྒོ་ནས་གློག་ལེན་གཞུར་བརྟེན་ཏེ་གློག་ཤུགས་མེ་འཁོར་ཨ་མར་གཏོང་གི་ཡོད། དེ་ནི་འབྲེལ་མཐུད་དྲ་རྒྱ་བསྐྲུན་པའི་ལས་དོན་ཁྲོད་ཀྱི་ཆེས་འགག་རྩའི་ལྷུ་ཚིགས་ཤིག་རེད། ཟམ་ཕུག་དང་ལམ་གཞི་སོགས་ཀྱི་ལས་གྲྭ་སྔ་རྗེས་སུ་མཇུག་འགྲིལ་བ་དང་ཆབས་ཅིག བོད་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་ཐོག་མ་སྟེ་ལྷ་ཉིང་ལྕགས་ལམ་ཡང་ལམ་ཐིག་ཧྲིལ་པོའི་གློག་ཤུགས་གཞི་ཁྱོན་ཆེན་པོས་འཛུགས་སྐྲུན་བྱེད་པའི་དུས་མཚམས་སུ་སླེབས་ཡོད།

(བསོད་ནམས་དཔའ་མོས་བསྒྱུར། སྤེན་ཚེས་ཞུས)