《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月21日

རང་ལྗོངས་ཀྱིས་ས་གནས་རང་བཞིན་གྱི་ས་ཆུ་སྲུང་འཛིན་ལས་གྲྭའི་མ་གནས་སྐོར་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཡོངས་བསྒྲགས་ཐོག་མ་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་ཆུ་བེད་ཐིང་དང་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་མཉམ་འབྲེལ་ཐོག་བོད་ཀྱི་ས་ཆུ་སྲུང་འཛིན་ལས་གྲྭའི་རགས་རྩིས(ཚོད་རྩིས)ཀྱི་སྒྲིག་ཁོངས་གཏན་འཁེལ་དང་བཅད་གྲངས་ཁྱབ་བསྒྲགས་བྱས་ནས་བོད་ཀྱི་ས་ཆུ་སྲུང་འཛིན་ལས་གྲྭའི་བཅད་གྲངས་དང་མ་འཇོག་ཚད་གཞིའི་སྟོང་ཆ་བསྐངས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོ་ནས་བཟུང་། རང་ལྗོངས་ཀྱིས་བོད་ཀྱི་ས་ཆུ་སྲུང་འཛིན་གྱི་བཅད་གྲངས་འདོན་རྒྱུར་སྐུལ་འདེད་གཏོང་འགོ་ཚུགས་ཤིང་། ས་གནས་ས་ཐོག་ཏུ་བརྟག་ཞིབ་དང་། དཔྱད་གཞི་འཚོལ་བསྡུ། ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་བསྡུར། ཡང་ནས་ཡང་དུ་ཞིབ་འཇུག་བཅས་བྱས་པ་དང་འབྲེལ།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ཆུ་བེད་པུའི《ས་ཆུ་སྲུང་འཛིན་ལས་གྲྭའི་རགས་རྩིས(ཚོད་རྩིས)ཀྱི་སྒྲིག་ཁོངས་གཏན་འཁེལ》དང《ས་ཆུ་སྲུང་འཛིན་ལས་གྲྭའི་རགས་རྩིས་ཀྱི་བཅད་གྲངས》གཞིར་བཟུང་། ཉེ་བའི་ལོ་ཤས་རིང་གི་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་ཀྱི་ས་ཆུ་སྲུང་འཛིན་ལས་གྲྭ་དང་ས་ཆུ་སྲུང་འཛིན་སྣོད་བཅུད་འཛུགས་སྐྲུན་ལས་གྲྭ་སོགས་ཀྱི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་ཚུལ་དང་ཟུང་འབྲེལ་བྱས་ཏེ། འབྲི་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་གི་འབྲི་ཆུའི་ཚན་རིག་ཁང་ལ《བོད་རང་སྐྱོང་ལྗོངས་ཀྱི་ས་ཆུ་སྲུང་འཛིན་ལས་གྲྭའི་རགས་རྩིས(ཚོད་རྩིས)ཀྱི་བཅད་གྲངས(ཐོག་མའི་མ་ཟིན)》འགོད་རྒྱུའི་མངགས་བཅོལ་བྱས་པ་དང་། འབྲེལ་ཡོད་ལས་རིགས་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་བྱས་པ། བཟོ་བཅོས་བརྒྱབ་ནས་འཐུས་སྒོ་ཚང་དུ་ཐེངས་མང་བཏང་བ་བརྒྱུད་མཐར་མ་ཟིན་གཏན་འཁེལ་བྱས་ཡོད།

བོད་ལྗོངས་ས་ཆུ་སྲུང་འཛིན་གྱི་བཅད་གྲངས་བཀྲམ་པ་དེ་ཐོག་ནས། བོད་ཀྱི་ས་ཆུ་སྲུང་འཛིན་ལས་གྲྭའི་མ་འཇོག་རྩིས་རྒྱག་ལས་དོན་དེ་རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་ཀྱི་བླང་བྱ་དང་། བཅད་གྲངས་ཀྱི་སྒྲིག་སྲོལ། ཚད་ལྡན་གཏན་འབེབས་གཞིར་བཟུང་སྤེལ་རྒྱུ་ཡིན་པ་མཚོན་གྱི་ཡོད། དེ་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་ཀྱི་ས་ཆུ་སྲུང་འཛིན་ལས་གྲྭ་དང་ས་ཆུ་སྲུང་འཛིན་སྣོད་བཅུད་འཛུགས་སྐྲུན་ལས་གྲྭ་སོགས་འཛུགས་སྐྲུན་གྱི་རྣམ་གྲངས་ལ་ཚད་འབེབས་དོ་དམ་བྱ་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན་པ་མ་ཟད། ད་དུང་བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བ་ལའང་ནུས་པ་ངེས་ཅན་ཐོན་རྒྱུ་ཡིན་པ་རེད།

(བསོད་ནམས་དཔའ་མོས་བསྒྱུར། སྤེན་ཚེས་ཞུས)