《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月18日

རྩལ་ནུས་ལ་བརྟེན་ནས་འཇོན་ཐང་ཅན་ལ་འགྱུར་བ་བྱེད་པ།

ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ལས་རིགས་སློབ་གསོ་དམངས་འཚོ་ལེགས་གཏོང་གི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱས་པ་དང་། “ལས་ཞུགས་ཁྲིད་སྟོན་དང་ཞབས་ཞུ་དམིགས་ཡུལ་དུ་བྱ་རྒྱུ”མཐའ་འཁྱོངས་ཀྱིས་རྩལ་ནུས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ཐོན་ལས་དང་སློབ་གསོ་མཉམ་འདྲེས་ཀྱིས་ལས་རིགས་སློབ་གསོའི་ཤེས་ལྡན་པ་གསོ་སྐྱོང་གི་ཆུ་ཚད་དང་སྤྱི་ཚོགས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་སྟེ་མི་དེ་བས་མང་བས་ལག་རྩལ་སྣེ་གཅིག་ལ་བྱང་ཆུབ་པར་བྱས་ཡོད། དེ་ལྟར་བྱས་ཚེ་ལས་གནས་ཐོག་གཞི་ཚུགས་ཐུབ་ལ་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཡོང་བར་ཤེས་ལྡན་པའི་འདེགས་སྐྱོར་མཁོ་འདོན་ཡང་བྱེད་ཐུབ་ཅིང་། འདི་ནི་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་མས་གྱོན་ཆས་ཇུས་འགོད་བྱེད་སྟངས་སྦྱོང་བཞིན་པ།