《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月18日

བོད་སྡོད་དཔུང་སྡེ་ཞིག་གིས།

གཞི་རིམ་འཛུཌ་སྐྱོང་ལ་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པར་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། འདི་ལོ་ཚུན། བོད་སྡོད་དཔུང་སྡེ་ཞིག་གིས་ཀྲུང་དབྱང་དམག་ཨུད་ཀྱི་གཞི་རིམ་འཛུགས་སྐྱོང་གི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་། གཙོ་གནད་མངོན་གསལ་དོད་པོས་རྩ་འཛུགས་སྟོབས་ཆེར་གཏོང་བ། ལས་འགན་ལ་དམ་པོར་དམིགས་ནས་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ། གཞི་རིམ་འཛུགས་སྐྱོང་ཐད་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་འཕེལ་རྒྱས་བརྟན་པོ་ཡོང་བའི་རྣམ་པ་བཟང་པོ་མངོན་པར་བྱས་པ་རེད།

བོད་སྡོད་དཔུང་སྡེ་དེས་བྱེད་ཐབས་སྣ་ཚོགས་སྤྱད་དེ་གཞི་རིམ་འཛུགས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་མཐོ་རུ་ཏན་ཏིག་བཏང་ཡོད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེའི་བསམ་བློ་ལག་བསྟར་གཏིང་ཟབ་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་ཉམས་སད་ཐེག་ཐུབ་པའི་གཞི་རིམ་དང་དམག་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པའི་ཉམས་སད་ཐེག་ཐུབ་པའི་གཞི་རིམ་ཕྱོགས་ཡོངས་ནས་བསྐྲུན་པ་དང་། གནས་གཏན་འཁེལ་གྱིས་འབྲེལ་གཏུག་བྱེད་པ་དང་འགན་འཁྲི་ཁ་གསལ་དང་རོགས་ཁྲིད་བྱེད་ཐབས་སྤྱད་དེ་ཀྲི་པུའི་ཧྲུའུ་ཅི་རྒན་གཞོན་ལ་ཏང་དོན་ལས་དོན་གྱི་འཇོན་ཐང་ཆེ་རུ་གཏོང་རྒྱུའི་གསོ་སྦྱོང་བྱས་ཏེ་ཀྲི་པུའི་ལས་ཀའི་གྲོས་རིམ་གྱི་ཐབས་ཇུས་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་བ། “བདེ་འཇགས་ཞིབ་བཤེར་ཆེ་མོའི”བྱེད་སྒོ་དང་ཟུང་འབྲེལ་གྱིས་ལས་སྒོའི་ཁྲུའུ་དང་ཁང་ཁག་དང་གཞུང་ལས་འགན་ལེན་ཡན་ལག་རུ་ཁག་གི་སྒྲིག་ལམ་ཚད་ལྡན་དུ་བཏང་སྟེ། “ཐོག་མ་ནས་ནན་པོ་བྱེད་པ་དང་ནན་པོ་མཐའ་འཁྱོངས་བྱེད་པའི”དོ་དམ་གྱི་འདུ་ཤེས་མཐའ་འཁྱོངས་གང་ལེགས་ཀྱིས་བཀའ་བཅད་དང་སྲོལ་ཡིག་ལ་གཞིགས་ནས། རྒྱུན་གཏན་གྱི་སྒྲིག་ལམ་ཚད་ལྡན་བཟོས་ཐོག་གཞི་རིམ་གྱི་སྒྲིག་ལམ་ཐོག་མཐའ་བར་གསུམ་དུ་ནན་ལ་ཚད་ལྡན་ཡོང་རྒྱུ་མཐའ་འཁྱོངས་བྱས་པ་རེད།