《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月18日

《ཀྲུང་གོའི་སྙིང་སྟོབས། མི་རིགས་ཀྱི་སྟོབས་ཤུགས》ཞེས་པའི་རིག་རྩལ་དགོང་ཚོགས་དངོས་སུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་16ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ལྷ་ས་ཡོན་ཏ་འཛུགས་སྐྲུན་རྒྱུ་ཆ་ཚད་ཡོད་འགན་འཁྲི་ཀུང་སིའི་ཚོགས་ཁང་དུ་བོད་ལྗོངས་ཞིང་འབྲོག་ཐོན་ལས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སི་སོགས་ཚན་པ་6གི་ལས་བཟོ་270ལྷག་ཙམ་གྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”མེས་རྒྱལ་ལ་བསྟོད་གླུ་འབུལ་བའི་བརྗོད་དོན་གཙོ་བོའི་རིག་རྩལ་མཚན་ཚོགས—《ཀྲུང་གོའི་སྙིང་སྟོབས། མི་རིགས་ཀྱི་སྟོབས་ཤུགས》ཞེས་པ་བལྟས་པ་དང་། དེ་ནི་དགོང་ཚོགས་དེ་འཁྲབ་སྟོན་བྱེད་ཐེངས་ཉི་ཤུ་པ་དེ་ཡིན་པ་རེད། ཟླ་7ཚེས་10ཉིན་བར་ལྗོངས་ཡོངས་ཀྱི་ལྗོངས་ཐད་གཏོགས་ཁེ་ལས་དང་བྱ་གཞག་ཚན་པ་དང་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ལས་མི་3000ལྷག་ཙམ་གྱིས་འཁྲབ་སྟོན་དེ་བལྟས་པ་རེད།