《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月17日

པར་རིས་གསར་འགྱུར།

ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་2000བཏང་བའི་སྟེང་ཆེན་རྫོང་གྱང་སྔོན་ཤང་རོང་ཐང་གྲོང་ཚོའི་སྡོང་ཕྲུག་འདེབས་འཛུགས་རྣམ་གྲངས་ལ“ཀུང་སི+རྟེན་གཞི+ཞིང་དུད”བཅས་ཀྱི་འཁོར་སྐྱོད་བྱེད་ཐབས་སྤྱད་པ་དང་། 2018ལོའི་ལོ་མཇུག་ཏུ། རྟེན་གཞི་འཛུགས་སྐྲུན་བྱེད་འགོ་ཚུགས་ཏེ་ཞིང་དུད་93གྱིས་མུའུ་རེར་ལོ་རེར་རིན་གོང་སྒོར་1000གི་ཐོག་ནས་མུའུ་500ཡི་ས་ཞིང་ནང་བཤུག་ལ་ཞུགས་ཡོད། རྣམ་གྲངས་ལག་བསྟར་བྱེད་རིང་། ཁྱོན་བསྡོམས་དུད་ཚང་དབུལ་པོའི་མི་ཐེངས་880ལས་མིར་ཞུགས་ཡོད། 2019ལོའི་ཟླ་6པ་བར། གསོམ་ཤིང་དང་། ཆབ་མདོའི་སྦྱར་སྡོང་། རྒྱ་ལྕང་། ཡོ་འབོག་སོགས་ཤིང་སྣ་4ཡི་ཁྱོན་སྡོང་ཕྲུག་རྐང་ཁྲི་97བཏབ་ཡོད། མིག་སྔར་རྟེན་གཞི་དེའི་ཡུན་རིང་ལས་མི་8ལ་ལོ་རེའི་ཡོང་འབབ་སྒོར་ཁྲི་2ཙམ་ཡོད་ཅིང་། འདི་ནི་ས་གནས་དེ་གའི་གྲོང་མིས་འདེབས་འཛུགས་རྟེན་གཞིའི་སྡོང་ཕྲུག་ལ་ཆུ་གཏོང་བཞིན་པ།