《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月17日

འབྱོར་འབྲིང་གི་བདེ་སྐྱིད་འཆར་གཞི་བཀོད་པ།

—— ཉིང་ཁྲིའི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་ལ་མཐའ་མའི་རྒྱལ་ཁ་ལེན་པའི་སྐོར་གྱི་སྒྲིལ་གླེང་།

ཨར་འདམ་གྱི་ལམ་རེ་རེ་བཞིན་ཕྱོགས་བཞིར་གྲམ་ཞིང་། བོད་ཁྱིམ་སྡོད་ཁང་གསར་པ་རེ་རེ་བཞིན་འགྱིང་ངེར་གནས་པ། ཁྱད་ལྡན་ཐོན་ལས་རེ་རེ་བཞིན་ལ་འབྲས་བཟང་སྨིན་པ་སོགས་ཉིང་ཁྲི་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་ནས་དབུལ་སྒྲོལ་འགག་སྒྲོལ་ལས་བྱུང་བའི་རྣམ་པ་གསར་པ་མངོན།

འདི་ལོ་ཚུན་དུ། ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་དབུལ་སྐྱོར་རྣམ་གྲངས་38བརྩོན་ལེན་ཧུར་ཐག་བྱས་པར་མ་དངུལ་སྒོར་ཁྲི་954.4བཏང་བ་དང་། བཅའ་སྡོད་བྱ་ཡུལ་གྲོང་ཚོར་མཉམ་སྡེབ་དཔལ་འབྱོར་གྱི་དངོས་ཚན་80གཉེར་རོགས་བྱས་པས་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་67ཡོད་པ་དང་། དུད་ཚང་འགན་ལེན་གྱི་རོགས་སྐྱོར་བྱ་ཡུལ་མི་891ལ་དངོས་ཚན་རྣམ་གྲངས་བརྒྱུད་འབབ་འཕར་བརྟན་པོ་བྱུང་བ། མང་ཚོགས་དབུལ་པོར་རྩལ་ནུས་གསོ་སྦྱོང་ཐེངས་86བྱས་པ། མང་ཚོགས་དབུལ་པོ་111ལ་ལས་ཞུགས་གཞན་སྒྱུར་བྱེད་རོགས་བྱས་པས་དངུལ་སྨར་གྱི་ཡོང་འབབ་སྒོར་ཁྲི་15.1མང་དུ་ཕྱིན་ཡོད་པ་རེད།

ལམ་ལུགས་འགན་ལེན་ཐད་འཆར་གཞི་བཏིང་ནས། གྲོང་སྡོད་ལས་བྱེད་པར་སྐུལ་ལྕག་བཏང་བ།

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་སྡོད་ལས་དོན་གྱི“གཙོ་བོ་གཅིག་དང་གཞོགས་འདེགས་གཅིག”གི་ལམ་ལུགས་མུ་མཐུད་ཁྱབ་གདལ་བཏང་བ་དང་། གྲོང་སྡོད་ལས་དོན་གྱི་དུས་བཀག་སྤེལ་རེས་ལམ་ལུགས་ཁྱབ་གདལ་མཐའ་འཁྱོངས་བཏང་བ། རྫོང་རིམ་པའི་འགོ་ཁྲིད་ཀྱིས་འགན་གཙང་བླངས་པའི་ཤང་དང་གྲོང་རྡལ་གྱི་ཚོད་ལྟའི་འགན་འཁྲིའི་ལམ་ལུགས་ལ་སྐུལ་འདེད་བཏང་བ། ཚོད་ལྟའི་གྲོང་སྡོད་ཀྱི་གནས་སྐབས་སྟོབས་ཤུགས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བའི་ལམ་ལུགས་ཁྱབ་གདལ་ཤུགས་ཆེན་བཏང་བ། གྲོང་སྡོད་ལས་དོན་རུ་ཁག་གི་སྐོང་བསྡུའི་ལམ་སྲོལ་ལག་བསྟར་ནན་པོ་བྱས་པ་བཅས་རེད།

དབུལ་སྒྲོལ་གྲུབ་འབྲས་ཐད་འཆར་གཞི་བཏིང་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ།

གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གཞི་རིམ་དུ་གཞི་ཚུགས་པ་དང་ཚན་རིག་དང་མཐུན་པའི་ཇུས་འགོད་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཧུར་ཐག་སྤེལ་ནས་གྲོང་ཚོའི(གྲོང་ལྷན)དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དུ་བཏང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་སྤུས་ཚད་དང་ཕན་པ་དངོས་འགན་ལེན་ཏན་ཏིག་བྱས་ནས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད།

གནད་དོན་དག་ཐེར་དོན་འཁྱོལ་བྱས་ཤིང་། རིམ་ཁག་དབུལ་སྒྲོལ་འགག་སྒྲོལ་གྱི་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ཚོགས་ཆུང་གི་ཚུར་ལན་གནད་དོན་དང་ཟུང་འབྲེལ་གྱིས་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གནད་དོན་གྱི་གསལ་ཐོ་དང་ལྟ་བསྡུར་ནན་པོ་བྱས་ཏེ་གྲོང་ཚོའི“ཨུ་ལྷན་གཉིས”དང་མཉམ་དུ་དག་ཐེར་བྱེད་ཐབས་གྲོས་བསྡུར་བྱས་ཏེ་ལས་འགན་ཁག་བགོས་ཀྱིས་འགན་འཁྲི་ཁག་བགོས་ཁ་གསལ་བཟོས་པ་མ་ཟད། དག་ཐེར་བྱེད་དགོས་པའི་གནད་དོན་གཅིག་ཀྱང་མ་ལུས་པར་རེ་རེ་བཞིན་དག་ཐེར་བྱས་པ་རེད། ཀོང་པོ་རྒྱ་མདའ་རྫོང་ཀོང་པོ་རྒྱ་མདའ་གྲོང་རྡལ་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གནད་སྨིན་དབུལ་སྐྱོར་གྱི“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་ནས་གྲོང་ཚོ་ཁག་གི་ཧྲུའུ་ཅི་དང་པོ་སྒྲིག་འཛུགས་བྱས་ནས་གྲོང་ཚོ་10ལ་བསྐྱོད་དེ་དབུལ་སྐྱོར་ལས་དོན་ལ་དཔྱད་ཞིབ་བྱེད་རེས་བྱས་པ་རེད། དུད་ཚང་དུ་བསྐྱོད་དེ་དཔྱད་ཡིག་ལྟ་ཀློག་བྱས་པ་དང་། གསལ་ཤེས་གཱ་ལ་ཞིབ་བསྡུར། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་སྲིད་ཇུས་ཤེས་བྱ་ཤེས་རྟོགས་བྱས་ཚུལ་ཐེན་བཤེར་སོགས་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་དུས་ཐོག་ཏུ་དག་ཐེར་དང་ཚང་བཤེར་ཆད་གསབ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་བདེ་བླག་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱས་པ་རེད།

བློ་སྐྱོར་དང་རིག་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས“དབུལ་སྐྱོར་བྱེད་པར་སྔོན་ལ་བློ་སྐྱོར་དང་དབུལ་སྐྱོར་བྱེད་པར་ངེས་པར་དུ་རིག་སྐྱོར་བྱེད་པའི”ལས་ཀའི་བསམ་ཕྱོགས་ལ་དམ་པོར་དམིགས་ནས། དབུལ་སྒྲོལ་མང་ཚོཌ་ལ“རང་བཀུར་དང་། རང་འབད། རང་ཚུཌ”བཅས་ཀྱི་དབུལ་སྒྲོལ་འདུན་པ་འཛུགས་རོགས་ཀྱིས་ཁོ་ཚོའི་བསམ་བློ་དབུལ་སྒྲོལ་ཐུབ་པར་བྱས་ཏེ་དབུལ་སྒྲོལ་གྱི་ནང་གནས་སྐྱེས་ཤུགས་འཕེལ་བར་བྱས་ཡོད། སྨན་གླིང་རྫོང་སོག་གསུམ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་ཡོངས་ཀྱི་གྲོང་མིའི་སྡོད་ཁང་གི་དཔལ་འབྱོར་གྱི་ཕུགས་ཀྱི་འཕེལ་རྒྱས་ལ་དམིགས་ནས། གྲོང་རྡལ་གྱི་ཏང་ཨུད་དང་འབྲེལ་གཏུག་བྱས་ཏེ་ཆེད་ལས་མི་སྣ་གྲོང་ཚོར་ཡུལ་སྐོར་ལས་དོན་ལ་མཛུབ་ཁྲིད་བྱེད་པར་གདན་དྲངས་ནས་ཏང་འཛུགས་སྐྱོང་གིས་ཡུལ་སྐོར་འཕེལ་རྒྱས་ལ་སྣེ་ཁྲིད་པའི་བྱ་ཐབས་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་བ་དང་། ཏང་ཡོན་དང་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་དུས་དང་རྣམ་པ་ཀུན་ཏུ་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་དུད་ཚང་དང་འབྲེལ་བ་དམ་ཟབ་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ཡོད།

མཉམ་སྡེབ་དཔལ་འབྱོར་ཐད་དོན་དངོས་དང་བསྟུན་ནས། ཐོན་ལས་དབུལ་སྐྱོར་གྱི་འཇོན་ཐང་ཆེ་རུ་བཏང་བ།

གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཀྲུང་དབྱང་དང་དེ་བཞིན་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དོན་འཁྱོལ་བྱས་པ་དང་། ཡུལ་བབ་དང་བསྟུན་ནས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་བ་དང་ཐོན་ལས་རྣམ་གྲངས་ལ་སྤྱི་འདོམས་འཆར་འགོད་བྱས་ཏེ་སྲིད་ཇུས་ཀྱི་མ་དངུལ་བེད་སྤྱོད་ཡག་པོ་བྱས་པ་དང་། ཐོན་ལས་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་ཞིབ་འཇུག་བྱས་ཏེ་བཟོས་ནས་དུས་མཇུག་གི་འཁོར་རྒྱུག་བྱེད་སྟངས་དང་ཚོང་ལམ་འཐུས་སྒོ་ཚང་དུ་དང་རྒྱ་སྐྱེད་བཏང་སྟེ་ཐོན་ལས་ཀྱི་ཕུགས་ཀྱི་འཕེལ་རྒྱས་བརྟན་པོ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཐོག་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་གཅོད་ཆེད་སྲ་ཞིང་བརྟན་པའི་དཔལ་འབྱོར་གྱི་ཀ་རྟེན་བརྟན་པོ་བཙུགས་ཡོད།

ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱས་ཤིང་། བྲག་ཡིབ་ཆུས་དགུང་ཚང་ཤང་བཅུ་འཕར་གྲོང་ཚོའི་ལས་དོན་རུ་ཁག་གིས་འབྲི་ཏ་ས་འཛིན་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་བཏང་སྟེ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ནས་ཤང་ཡོངས་ཀྱི་དུད་ཚང་334ཡི་མི་1473ལ་ཁྱབ་པ་དང་། མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་དམིགས་ཚད་ལ་དམ་པོར་དམིགས་ནས“གྲོང་ཚོ+མཉམ་ལས་ཁང+ཀུང་སི་བཅས་ཀྱི”ཚོགས་པ་སྒྲིག་པའི་འཕེལ་རྒྱས་གཏོང་སྟངས་སྤྱད་དེ་མཉམ་ལས་ཁང་གི་ཁེ་ཕན་སྦྲེལ་མཐུད་ཤང་ཡོངས་ལ་ཁྱབ་ཚད་100%ཟིན་ཡོད་པ་རེད། སྣང་རྫོང་གྲོང་མདའ་གྲོང་རྡལ་བླ་གདན་ཞོལ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས“ཐོན་ལས་རྣམ་གྲངས+དུད་སྦྲེལ་འབབ་འཕར+དུད་ཚང་དབུལ་པོ+ཁྲོམ་ར་ཡི”རོགས་སྐྱོར་བྱེད་སྟངས་ལ་བརྟེན་ནས་གསོ་སྤེལ་དང་། ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་གཉེར་སྐྱོང་དོ་དམ་བྱེད་ཐབས་ལ་བརྟེན་ནས་དུད་སྦྲེལ་འབབ་འཕར་གྱི་འཇོན་ཐང་ཆེ་རུ་བཏང་བ་དང་། མང་ཚོགས་དབུལ་པོ་ཞུགས་རྒྱུར་སྐུལ་སློང་བྱས་ཏེ་རྣམ་གྲངས་གཉེར་སྐྱོང་གོ་སྐབས་སུ་བྱས་ནས་གཅིག་སྡུད་གསོ་ཚགས་བྱེད་སྟངས་སྤྱད་དེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་། དུད་སྦྲེལ་གྱི་འབབ་འཕར་འཇོན་ཐང་དང་དེ་བཞིན་ས་གནས་དེ་གའི་དུད་ཚང་དབུལ་པོའི་ལས་ཞུགས་ལ་སྐུལ་ཁྲིད་ནུས་ལྡན་བྱས་ཡོད།

ས་ཁོངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཤིང་། ཉེ་བའི་ལོ་ཤས་རིང་། ཀླུ་ནང་གྲོང་རྡལ་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཀླུ་ནང་མཛེས་ལྗོངས་ཁུལ་གྱི་ས་བབ་ཀྱི་ལེགས་ཆར་གཞི་ཚུགས་ཏེ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་བཏང་སྟེ། གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ཡུལ་སྐོར་ལས་དོན་ཁང་མང་པོ་དང་ཡུན་རིང་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཏེ་མཛེས་ལྗོངས་ཁུལ་གྱི་མཉམ་ལས་ཁང་བཙུགས་པ་དང་། མང་ཚོགས་སྒྲིག་འཛུགས་བྱས་ནས་ལྗོངས་གཟིགས་སྒང་སྐྲུན་པ་དང་རྒྱས་སྐྲུན་བཅས་ཀྱི་ལས་གྲྭར་རམ་འདེགས་བྱས་པ་བརྒྱུད་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་ཡོད། རིམ་རྩིས་བྱས་ན། ཐོན་ལས་དབུལ་སྐྱོར་རྣམ་གྲངས་14ལག་བསྟར་བྱེད་རོགས་བྱས་པར་་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་32ཀྱི་མི་89ལ་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་2450བྱུང་བ་རེད།

(བསོད་བདེ་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)