《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月17日

ལྷུན་གྲུབ་རྫོང་གིས་དེང་རབས་རྒྱང་ཁྲིད་སློབ་གསོའི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་བཏང་ནས།

གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་སློབ་སྦྱོང་གི་དགོས་མཁོ་བསྐངས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ལྷུན་གྲུབ་རྫོང་གིས“དོ་དམ་པའི་དཔུང་ཁག་གཅིག་སྟོབས་ཆེར་གཏོང་བ་དང་། ལས་ཀའི་ལམ་སྲོལ་ཆ་ཚང་གཅིག་འཐུས་སྒོ་ཚང་དུ་གཏོང་བ། སློབ་སྦྱོང་གི་ནང་དོན་ཁག་ཞིག་འདེམས་པ། དཔྱད་ཞིབ་ལམ་སྲོལ་ཆ་ཚང་གཅིག་བཟོ་བ”བཅས་ཀྱི་བྱ་ཐབས་རབ་དང་རིམ་པ་སྤྱད་དེ། ཏང་ཡོན་དང་ལས་བྱེད་པའི་དེང་རབས་རྒྱང་ཁྲིད་སློབ་གསོའི་ས་ཚིགས་ཀྱི་སྦྱོང་སྤྱོད་འདོམས་གསུམ་གྱི་ཆུ་ཚད་མཐོ་རུ་བཏང་ནས་ཏང་ཡོན་ལས་བྱེད་པར་རྒྱུན་དུ་སློབ་གསོ་ཐོབ་པར་བྱས་ཏེ་ཞིང་འབྲོག་པར་དུས་ཡུན་རིང་པོའི་དངོས་ཕན་ཐོབ་པའི་དམིགས་ཚད་མངོན་འགྱུར་ཐུབ་པར་བྱས་ཡོད།

དོ་དམ་པའི་དཔུང་ཁག་གཅིག་སྟོབས་ཆེར་བཏང་ཞིང་། “ས་ཚིགས་ཁག་ཏུ་ངེས་པར་དུ་དོ་དམ་མི་སྣ་གཅིག་གམ་དེ་ཡན་བཀོད་སྒྲིག་བྱེད་པ”དང་། “གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ནི་འགན་འཁུར་བ་དང་པོ་ཡིན་པ་དང་ཧྲུའུ་ཅི་དང་པོ་ནི་དོ་དམ་པ་གཙོ་བོ་ཡིན་པའི”བླང་བྱར་གཞིགས་ནས་གྲོང་ཚོའི་ཏང་ཡོན་ལས་བྱེད་པའི་ཁྲོད་ནས་རོགས་སྐྱོར་དོ་དམ་པ་ཞིག་བདམས་པ་དང་། རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་45ཡི་ཏང་ཡོན་གྱི་རྒྱང་ཁྲིད་སློབ་གསོའི་མཐའ་སྣེའི་ས་ཚིགས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་། རིག་གནས་ཀྱི་ཆུ་ཚད་མཐོ་བ། དཀའ་སྤྱད་བཟོད་བསྲན་ཐུབ་པ། ལས་བཀུར་བྱེད་སེམས་ཆེ་བ་བཅས་ཀྱི་ཏང་ཡོན་དོ་དམ་པའི་དཔུང་ཁག་ཅིག་བདམས་ཡོད།

ལས་ཀའི་ལམ་སྲོལ་ཆ་ཚང་གཅིག་འཐུས་སྒོ་ཚང་དུ་བཏང་ཞིང་། རྫོང་གིས་ཤང་དང་གྲོང་རྡལ་ལ་རོགས་རམ་བྱེད་པ་དང་། ཤང་དང་གྲོང་རྡལ་གྱིས་གྲོང་ཚོར་རོགས་རམ་བྱེད་པའི་ཐབས་ལ་བརྟེན་ནས་རྒྱང་ཁྲིད་ས་ཚིགས་ཁག་གིས“ཐོ་འགོད་དེབ་གསུམ་དང་ལག་དེབ་གཅིག”(སློབ་སྦྱོང་གི་ནང་དོན་ཐོ་འགོད་དེབ་དང་། སློབ་སྦྱོང་གི་གྲོས་བསྡུར་ཐོ་འགོད་དེབ། ཆ་འཕྲིན་ཚུར་ལན་གྱི་ཐོ་འགོད་དེབ་དང་ཏང་ཡོན་གྱི་འབྱོར་ཐོ་འགོད་སའི་ལག་དེབ་གཅིག)གི་འབྲེལ་ཡོད་རྩིས་ཁྲ་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་མཛུབ་ཁྲིད་བྱས་པ་དང་། ཏང་ཡོན་གྱི་རྒྱང་ཁྲིད་སློབ་གསོའི་ལས་ཀའི་རྨང་གཞི་ཞན་པའི་ཤང་དང་གྲོང་རྡལ་དང་གྲོང་ཚོར་རྒྱང་ཁྲིད་ས་ཚིགས་ཀྱི་དོ་དམ་དང་། སྒྲིག་ཆས་སྒྲིག་བཀོད་དོ་དམ། ཆ་འཕྲིན་བསྡུ་རུབ་ཐོ་འགོད་ཚུར་ལན་སོགས་ཐད་ཀྱི་སྒྲིག་སྲོལ་ལམ་ལུགས་བཟོ་རྒྱུར་རོགས་རམ་བྱས་པ་རེད།

སློབ་སྦྱོང་གི་ནང་དོན་ཁག་གཅིག་བདམས་ཤིང་། སློབ་སྦྱོང་དང་གསོ་སྦྱོང་གི་ནང་དོན་ཐད་དགོས་མཁོར་གཞིགས་ནས་སློབ་ཁྲིད་དང་། རིགས་དབྱེའི་སློབ་ཁྲིད་རྩ་དོན་ལ་གཞིགས་ཏེ་མང་ཚོགས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས“ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་གཅིག་སྡུད་སློབ་སྦྱོང་དང་། གཙོ་གནད་ནང་དོན་ཚང་མས་སྦྱོང་བ། ཚན་རྩལ་ཤེས་བྱ་རིགས་དབྱེ་སློབ་སྦྱོང་། ཕྱུག་འགྱུར་ཆ་འཕྲིན་ཁག་གཅིག་གིས་སྦྱོང་བ”སོགས་ཀྱི་ཐབས་ལ་བརྟེན་ནས་མང་ཚོགས་ཀྱིས་དགའ་སྣང་ཆེ་བ་དང་། ལྟ་ཤེས་པ། སྦྱོང་ཐུབ་པ། སྤྱོད་ཐུབ་པ་བཅས་ཀྱི་སློབ་ཚན་གྱི་ནང་དོན་གཏོང་སྤེལ་གྱི་འཆར་གཞིའི་ནང་བཅུག་ནས་གཞི་རིམ་གྱི་ཏང་ཡོན་དང་ལས་བྱེད་མང་ཚོགས་ལ་དེ་བས་སྟབས་བདེ་ལ་མྱུར་བའི“སྤྲིན་ཚོམ་སློབ་ཁང”བཙུགས་ཏེ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་སློབ་སྦྱོང་གི་དགོས་མཁོ་བསྐངས་པ་རེད།

དཔྱད་ཞིབ་ལམ་སྲོལ་ཆ་ཚང་གཅིག་བཟོས་ཤིང་། རྒྱང་ཁྲིད་སློབ་གསོའི་ས་ཚིགས་ཀྱི་སྦྱོང་སྤྱོད་འདོམས་གསུམ་གྱི་དམིགས་ཚད་ཀྱི་དཔྱད་ཞིབ་སྐར་འགོད་ཚད་གཞི་ཞིབ་ཚགས་སུ་བཏང་ནས་རྒྱང་ཁྲིད་སློབ་གསོའི་སྦྱོང་སྤྱོད་འདོམས་གསུམ་གྱི་དཔྱད་ཞིབ་བྱས་འབྲས་གཞི་རིམ་ཏང་འཛུགས་སྐྱོང་ལས་ཀའི་དམིགས་ཚད་དཔྱད་ཞིབ་ཀྱི་ནང་དོན་གཙོ་བོར་བཅུག་སྟེ་ཏང་ཡོན་མང་ཚོགས་ཀྱི་དཔྱད་གླེང་དང་བློ་ཡིད་ཚིམ་ཚད་དཔྱད་བསྡུར་གཏན་འབེབས་སོགས་ཀྱི་བྱེད་སྟངས་སྤྱད་ནས་ཕན་འབྲས་དངོས་ལ་ཞིབ་བཤེར་བྱས་པ་དང་། གཞི་རིམ་གྱི་ཕན་འབྲས་ལ་ལྟ་བ་དང་ཏང་ཡོན་ཚོར་གདེང་འཇོག་བྱེད་དུ་བཅུག་ནས་རྫོང་ཡོངས་ཀྱི་ཏང་ཡོན་གྱི་རྒྱང་ཁྲིད་སློབ་གསོའི་ས་ཚིགས་ཁག་གི་སྦྱོང་སྤྱོད་འདོམས་གསུམ་བྱས་ཚུལ་ལ་ཚད་འབེབས་དཔྱད་ཞིབ་བྱས་ནས་ཚད་གཞི་མ་ལོན་པའི་ས་ཚིགས་དུས་ཐོག་ཏུ་དག་ཐེར་བྱེད་དུ་བཅུག་པ་དང་ལས་འགན་འཁུར་མི་ཐུབ་པའི་དོ་དམ་པ་དུས་ཐོག་ཏུ་བརྗེ་འཐེན་བྱས་ཡོད།