《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月17日

མི་དམངས་དངུལ་ཁང་ལྷོ་ཁ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས།

“བྱ་ཐབས་དྲུག”ལ་བརྟེན་ནས་དཔེ་བཟང་ལས་ཁུངས་གཏོད་རྒྱུར་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ནས་བཟུང་། ཀྲུང་གོ་མི་དམངས་དངུལ་ཁང་ལྷོ་ཁ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས“བྱ་ཐབས་དྲུག”ལ་བརྟེན་ནས་དཔེ་བཟང་ལས་ཁུངས་གཏོད་རྒྱུར་སྐུལ་འདེད་བཏང་བ་རེད།

ཆབ་སྲིད་ཀྱི་སྣེ་ཁྲིད་བྱ་རྒྱུ་རྩ་བར་བཟུང་ནས་བསམ་བློའི་བརྟེན་ས་བརྟན་དུ་དང་ཏང་ཀྲི་པུའུ་འཛུགས་སྐྱོང་ཚད་ལྡན་དུ་བཏང་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་རྒྱུན་རྣམ་ཅན་དུ་འགྱུར་བ་བྱས་པ་དང་། རྩ་འཛུགས་སྟོབས་ཆེར་གཏོང་རྒྱུ་འགག་རྩར་བྱས་ནས་དམག་འཐབ་མཁར་རྫོང་གི་ནུས་པ་ཆེ་རུ་བཏང་སྟེ“ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་། མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་དཔེ་བཟང་ལས་ཁུངས”གཏོད་པའི་བྱེད་སྒོ་ཏན་ཏིག་སྤེལ་བ། སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་སྦྱོང་བརྡར་བྱེད་པ་དང་། འཕྲོད་བསྟེན་གཙང་ཕྱགས་ཆེན་པོ་བྱས་ནས་ལས་ཀའི་ཁོར་ཡུག་ལེགས་སུ་གཏོང་བ། ཡ་རབས་དཔེ་སྟོན་གྱི་ལས་གནས་དཔྱད་བསྡུར་བྱེད་པ་བཅས་ཀྱི་ཐོག་ནས་ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་བ། ལམ་ལུགས་བརྟན་དུ་གཏོང་རྒྱུ་འགན་ལེན་དུ་བྱས་ནས་ལམ་སྲོལ་འཛུགས་སྐྱོང་བརྟན་དུ་བཏང་སྟེ། “རིམས་ནད་སྔོན་འགོག་ཚོད་འཛིན་དང་ཁྲིམས་སྐྱོང་མཉམ་དུ་སྤེལ་བ”དང་། 《དྲ་རྒྱའི་བདེ་འཇཌ་བཅའ་ཁྲིམས》སོགས་རིགས་ཁག་གི་ལམ་ལུཌ་བཟོས་པ་མ་ཟད། ཤེས་བྱའི་འགྲན་བསྡུར་དང་། ལས་སྒོའི་སྦྱོང་བརྡར། དྲ་ཐོག་ལན་འདེབས་པ་དང་རྒྱུགས་སྤྲོད་པ་སོགས་ཀྱི་བྱེད་སྒོ་སྤེལ་བ། འགན་འཁྲི་གཙོ་བོ་ནན་དུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་རང་འགན་གཙང་སྒྲུབ་དང་ལས་ཕྱོད་ཆེ་རུ་བཏང་བ། འགན་ནུས་སྡེ་ཚན་དབར་གྱི་འབྲེལ་བར་ཤུགས་སྣོན་བརྒྱབ་ནས་དངུལ་རྩའི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་བ། མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་དུ་བྱས་ནས་ཞབས་འདེཌ་ཁོར་ཡུག་ལེགས་སུ་གཏོང་བ་དང་ཁོངས་གཏོགས་ཀྱི་དངུལ་ཁང་སྒྲིག་གཞིའི་ཞབས་འདེགས་ལས་རིམ་རྒྱུན་མཐུད་བཟང་སྒྲིག་ཡོང་བར་མཛུབ་ཁྲིད་བྱས་ཏེ། ཁེ་ལས་དང་མི་སྒེར་ལ་སྔར་བས་བདེ་འཇགས་ལྡན་པ་དང་ལས་ཕྱོད་ཆེ་བའི་དངུལ་ཁང་རྩིས་ཁྲའི་ཞབས་ཞུ་བསྒྲུབས་པ་བཅས་རེད།