《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月17日

བརྩེ་དུང་ཟབ་མོ་ལས་བདེ་སྐྱིད་ཀྱི་མེ་ཏོག་བཞད།

—— མི་རིགས་མཐུན་སྒྲིལ་ཁྱིམ་ཚང་ཁྲེན་ཅན་མིང་གི་སྐོར་བཀོད་པ།

ཉིན་ཁ་ཤས་ཀྱི་རྗེས་སུ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རབ་གསལ་སྡེ་ཁུལ་གྱི་ལོ་46ལ་སླེབས་པའི་ཁྲེན་ཅན་མིང་དང་ཁོང་གི་བཟའ་ཟླ་མིག་དམར་གཡང་སྐྱིད་གཉིས་གཉེན་བསྒྲིགས་ནས་ལོ་17འཁོར་བའི་དྲན་གསོའི་ཉིན་མོ་ཡིན་ལ། ལོ་17གོང་དང་མི་འདྲ་བ་ཞིག་ནི། ད་ཆ་ཁོང་གཉིས་ལ་ཕྲུ་གུ་གཉིས་ཡོད་པ་རེད།

དུས་ཚོད་ནི་ཆུ་མོའི་འགྲོས་བཞིན་ཇི་འདྲའི་མགྱོགས་པ་ལ། ཁྲེན་ཅན་མིང་དང་མིག་དམར་གཡང་སྐྱིད་དེ་སྔའི་བཟའ་མི་གཉིས་ནས་ད་ཆའི་བུ་ཕྲུག་གཉིས་དང་བཅས་ནང་མི་བཞིར་གྱུར་ཅིང་། ཁོང་གཉིས་ཀྱིས་བྱམས་དང་འགན་འཁྲིར་བརྟེན་ནས་ཁྱིམ་ཚང་ཡག་པོ་བསྐྱངས་པ་རེད།

2004ལོར། ཕ་ཡུལ་ཧོ་ནན་ནས་ལྷ་སར་ལས་ཀར་ཡོང་བའི་ཁྲེན་ཅན་མིང་དང་ལྷ་སའི་བུ་མོ་མིག་དམར་གཡང་སྐྱིད་ངོ་ཐུག་ནས་དུས་ཡུན་རིང་པོ་མ་ཕྱིན་པར་གཉེན་སྒྲིག་བྱས། གཉེན་བསྒྲིགས་རྗེས། “ང་གཉིས་འཚར་ལོངས་བྱུང་ཡུལ་མི་གཅིག་པའི་དབང་གིས་ཁ་རྩོད་ཤོར་མྱོང་མེད་པར། སོ་སོའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས་ལ་ཕན་ཚུན་བརྩི་འཇོག་བྱེད་ཀྱི་ཡོད། ངས་ཀྱང་ནམ་རྒྱུན་བོད་སྐད་སྦྱོང་གི་ཡོད། ད་ཆ་ཁོང་དང་གླེང་མོལ་བྱེད་དུས་བོད་སྐད་ཆུ་རྒྱུག་རྒྱུག་བཤད་ཐུབ་ཀྱི་འདུག” མིག་དམར་གཡང་སྐྱིད་ཀྱིས་གཙོ་བོར་བོད་ཀྱི་ལོ་གསར་དང་ཞོ་སྟོན་སོགས་བོད་རིགས་ཀྱི་དུས་ཆེན་གཏོང་གི་ཡོད་ཀྱང་། དཔྱིད་གསར་དུས་ཆེན་དང་ཟླ་མཆོད་དུས་ཆེན་སོགས་རྒྱ་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་སྐབས་སུ། ཧོ་ནན་དུ་ཡོད་པའི་སྒྱུག་མོར་དངུལ་སྐུར་བ་དང་ཡང་ན་གྱོན་ཆས་ཉོས་ནས་སྐུར་གྱི་ཡོད། ད་དུང་ནམ་རྒྱུན་བུ་ཕྲུག་གཉིས་དང་མཉམ་དུ་བརྙན་ལམ་བརྒྱུད་སྒྱུག་མོ་དང་གླེང་མོལ་བྱེད་ཀྱི་ཡོད་ཅེས་ཁྲེན་ཅན་མིང་གིས་ངོ་སྤྲོད་བྱས་པ་རེད།

“གཉེན་སྒྲིག་སྤ་སེ་བླངས་པའི་ཉིན་དེར། ཁོང་གིས་མི་ཚེ་གང་པོར་ང་ལ་ཁ་ལག་བཟོ་གི་ཡིན་ཞེས་བཤད་བྱུང” གཉེན་བསྒྲིཌ་ནས་ལོ་17སོང་རིང་། ཁྲེན་ཅན་མིང་གིས་སྔོན་ནས་ཁས་བླངས་པ་ཇི་བཞིན་དེ་ལྟར་བསྒྲུབས།

ཚགས་ཤའི་ཐུག་པ་བཟོས་རྗེས། ཁྲེན་ཅན་མིང་གིས་ཚགས་ཤའི་ཐུག་པ་ཕོར་པ་དང་པོ་དེ་ཨ་མ་སྐྲ་བཟང་ལ་བླུགས་པ་དང་། གཉིས་པ་དེ་གཅིག་པུར་སྡོད་མཁན་ཁྱིམ་མཚེས་རྨོ་ཟླ་བ་ལགས་ལ་བླུགས། དེ་རྗེས་བུ་ཕྲུག་གཉིས་དང་ཁོང་བཟའ་མི་གཉིས་པོར་བླུགས་པ་རེད། ཁྲེན་ཅན་མིང་ནི་མི་སེམས་བཟང་ཅན་ཞིག་རེད་ལ། དེ་ནི་མིག་དམར་གཡང་སྐྱིད་ཡི་རང་བྱུང་བའི་རྒྱུ་མཚན་ཡང་ཡིན་པ་རེད།

“ཁོང་ནི་སུ་ལ་དཀའ་ངལ་ཡོད་ན་དེ་ལ་རོགས་རམ་བྱེད་མཁན་ཞིག་རེད། རྨོ་ཟླ་བ་ལགས་ནི་ལོ་ཁོར་མོར་གཅིག་པུར་སྡོད་མཁན་ཞིག་ཡིན་པས། ངའི་ཁྱོ་གས་ཁོ་མོར་རང་ཉིད་ཀྱི་ཨ་མ་ཇི་བཞིན་བསྲི་ཞུ་སྒྲུབ་ཀྱི་ཡོད། ཁོང་གིས་གཉེན་འབྲེལ་ཅི་ཡང་མེད་པའི་རྒན་མོ་ཞིག་ལ་ཡང་བསྲི་ཞུ་འདི་ལྟར་སྒྲུབ་ན། ངར་དེ་བས་ཡག་པོ་བྱེད་ངེས་རེད”ཅེས་མིག་དམར་གཡང་སྐྱིད་ཀྱིས་འཛུམ་དམུལ་དམུལ་ངང་བཤད།

བོད་རྒྱའི་ཁྱོ་ཤུག་གཅིག བརྩེ་དུང་ཟབ་མོ་ཞིག གཏམ་རྒྱུད་སྙན་མོ་ཞིག ཁྲེན་ཅན་མིང་དང་མིག་དམར་གཡང་སྐྱིད་གཉིས་ཀྱིས་ཁྱིམ་ཚང་ལ་འཁུར་པའི་འགན་འཁྲི་དང་བཟའ་ཟླར་བཅངས་པའི་བརྩེ་སེམས་ལ་བརྟེན་ནས། ས་མཐོར་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད་ནས་མི་རབས་ནས་མི་རབས་བར་མི་རིགས་མཐུན་སྒྲིལ་ཡག་པོ་ཡོང་བར་མིག་དཔེ་བསྟན་ཡོད།