《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月17日

རང་ལྗོངས་ཀྱིས“འཆལ་རྡུང་ལོག་སེལ”གྱི་མཉམ་འབྲེལ་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་15ཉིན་གནས་ཚུལ་འབྱོར་གསལ། ཟླ་བདུན་པར་རང་ལྗོངས་ཀྱིས“འཆལ་རྡུང་ལོག་སེལ”གྱི་མཉམ་འབྲེལ་ཆེད་དོན་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་ཞིང་། མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་ཁག་གིས་གཞི་རིམ་དུ་བསྐྱོད་དེ་གནད་དོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ནན་ཏན་བྱས་པ་དང“འཆལ་རྡུང་ལོག་སེལ”གྱི་ཆེད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བས། ཁྲིམས་འགལ་དང་བཀག་སྡོམ་ལས་འགལ་བའི་པར་སྐྲུན་དངོས་པོ་དང་དེ་བཞིན་གནོད་ཡོད་ཆ་འཕྲིན་འགྲེམས་སྤེལ་ལ་བཀག་སྡོམ་ནུས་ལྡན་བྱུང་ནས་ལྗོངས་ཡོངས་ཀྱི་རིག་གནས་ཁྲོམ་རའི་སྒྲིག་ལམ་ལེགས་སུ་ཕྱིན་ཡོད་ལ་དྲ་རྒྱའི་བར་མཐོངས་གཙང་དུའང་ཕྱིན་ཡོད།

མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་ཁག་གིས་ཕྱོགས་ཡོངས་ནས་རིག་གནས་ཁྲོམ་ར་དང་། དྲ་རྒྱའི་བར་མཐོངས། པར་སྐྲུན་ཁྱབ་ཁོངས། རོལ་རྩེད་ཁང་། གླེང་ཕྱོགས་ཁོར་ཡུག་བཅས་གཙང་མ་བཟོ་རྒྱུ་གཙོ་བོར་བྱས་ཏེ་དཔེ་དེབ་དང་ཚགས་པར་གྱི་ཕྱིར་འཚོང་དང་། པར་སྐྲུན་དང་བསྐྱར་དཔར། གླུ་གར་རོལ་རྩེད། དྲ་ཁང་། སྦྲག་སྲིད་མྱུར་སྐྱེལ་སོགས་རིག་གནས་ཁྲོམ་རའི་ཁྱབ་ཁོངས་ཀྱི་ཁེ་ལས་དང་དྲ་ཚིགས་སོགས་ལ་ལེབ་བཤེར་རྣམ་པའི་ཞིབ་བཤེར་བྱས་ཐོག་བཀག་སྡོམ་ལས་འགལ་བའི་དངོས་ཟོག་སྣ་ཚོགས་ཀྱི་འབྱུང་རྩ་གཙང་མ་མཐར་ཕྱིན་པ་བཟོ་རྒྱུ་བརྩོན་ལེན་བྱས་ཏེ་ལྗོངས་ཡོངས་ཀྱི་འདུ་ཤེས་འཛིན་སྟངས་དང་རིག་གནས་ཁྱབ་ཁོངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།