《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月17日

ཀྲོང་ཡན་གྱིས་ལྷ་ས་གྲོང་ཁྱེར་རྒྱལ་ཁབ་ས་ཆ་བར་མཐོངས་འཆར་འགོད་ཨུ་ལྷན་གྱི་2020ལོའི་ཀྲུའུ་རེན་གཞུང་ལས་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་15ཉིན་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཚེས་14ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྷ་ས་གྲོང་ཁྱེར་རྒྱལ་ཁབ་ས་ཆ་བར་མཐོངས་འཆར་འགོད་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཀྲོང་ཡན་གྱིས་ལྷ་ས་གྲོང་ཁྱེར་རྒྱལ་ཁབ་ས་ཆ་བར་མཐོངས་འཆར་འགོད་ཨུ་ལྷན་གྱི་2020ལོའི་ཀྲུའུ་རེན་གཞུང་ལས་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་རྒྱལ་ཁབ་ས་ཆ་བར་མཐོངས་འཆར་འགོད་ལས་དོན་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ཚོགས་འདུར་ཕེབས་པ་རེད།

ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི《ཉང་བྲན་སྲང་ལམ་འཆར་འགོད(2020ལོ་ནས་2035ལོ་བར)》དང་། 《དོག་སྡེ་སྲང་ལམ་འཆར་འགོད(2020ལོ་ནས་2035ལོ་བར)》《ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་བཟོ་ལས་གླིང—མཉེས་ཐང་ཁུལ་འཆར་འགོད》《ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱི་ཚོད་འཛིན་རང་བཞིན་གྱི་འཆར་འགོད་ཞིབ་ཕྲ་དང་ལྟེ་བའི་ཁུལ་གྱི་གྲོང་ཁྱེར་ཇུས་འགོད》དེ་བཞིན《བོད་ཀྱི་གསར་བརྗེ་འཛུགས་སྐྲུན་སྒྱུར་བཅོས་དྲན་གསོ་ཁང་འཛུགས་སྐྲུན་རྣམ་གྲངས་ཀྱི་ཇུས་འགོད་ཇུས་གཞི》སོཌ་འཆར་འགོད་ཡིག་ཆར་གྲོས་ཞིབ་བྱས་པ་དང་འབྲེལ་རྩ་དོན་ཐོག་ནས་གྲོས་འཆམ་ཡང་བྱུང་ཡོད།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད)

ཚོགས་འདུའི་ཐོག་འཆར་འགོད་ནི་འཕེལ་རྒྱས་བསམ་གཞིའི་མཚོན་ཚུལ་ཞིག་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་དོ་དམ་གྱི་སྣེ་འདྲེན་ལྟ་བུ་རེད། དེ་ལས་གྲོང་ཁྱེར་འཛུགས་སྐྲུན་པ་དང་། དོ་དམ་པ། ཇུས་འགོད་པ་བཅས་ཀྱི་བསམ་བློ་དང་། འདུ་ཤེས། སྤུས་ཀ ཚད་གཞི་བཅས་མངོན་གྱི་ཡོད། རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཡིན་པའི་ལྷ་ས་གྲོང་ཁྱེར་ནི་ལྗོངས་ཡོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཤིག་ཡིན་པས། ངེས་པར་དུ་ལྟེ་བའི་གྲོང་ཁྱེར་གྱི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཁབ་ས་ཆ་བར་མཐོངས་འཆར་འགོད་ལས་དོན་དེ་ལྗོངས་ཡོངས་ཀྱི་དཔེ་གཞི་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་བསྟན་པ་རེད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་དཔའ་མོས་ཞུས)