《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月16日

ཁྲེན་ཡུང་ཆི་ལྗོངས་ཏང་ཨུད་རྩ་འཛུགས་པུའི་ལས་ཁུངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་གྱི་ཚོགས་འདུར་ཞུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་14ཉིན་གནས་ཚུལ་འབྱོར་གསལ། ཚེས་13ཉིན་ལྗོངས་ཏང་ཨུད་རྩ་འཛུགས་པུས་ལས་ཁུངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་གྱི་ཚོགས་འདུ་འཚོགས་ནས་2019ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལས་དོན་ལ་ཕྱོགས་སྡོམ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཁྲེན་ཡུང་ཆིས་བསྟན་དོན། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་ནུས་སྡེ་ཚན་གལ་ཆེན་ཡིན་པའི་རྩ་འཛུགས་སྡེ་ཚན་གྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པའི་མཐོ་ཚད་དུ་ལངས་ནས་ལྗོངས་ཏང་ཨུད་ཀྱིས་ནན་བཤད་བྱས་པའི“བརྟན་པོ་འཛུགས་པ་གསུམ”གྱི་བླང་བྱ་ལྟར། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་གྱི་ལས་དོན་ལ་སྐུལ་འདེད་བཏང་སྟེ་ཆབ་སྲིད་ལ་སྣང་ཆེན་དང་། སྒྲིག་ཁྲིམས་སྲུང་བ། འགན་འཁྲི་འཁུར་བ། ལས་ཆོད་ཆེ་བ་བཅས་ཀྱི་དཔེ་བཟང་ལས་ཁུངས་ཤིག་སྐྲུན་དགོས། རིགས་པའི་གཞུང་ལུགས་ཀྱི་ཤེས་རྒྱ་ཟབ་ཅིང་རྨང་གཞི་བརྟན་པོ་ཡོང་བར་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་ཏང་གཤིས་སྦྱོང་བརྡར་དང་ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་རུལ་འགོག་འགྱུར་འགོག་གི་བསམ་བློའི་འགོག་སྲུང་འཛིང་རག་བརྟན་པོ་སྐྲུན་དགོས། གུས་སྐྲག་ཤེས་པ་དང་དོགས་ཟོན་དང་དངངས་སྐྲག་གི་བསམ་བློ་ཡོད་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ། དམངས་གཙོ་གཅིག་སྡུད་ལམ་ལུགས་དང་དགོངས་སྐོར་སྙན་སེང་ལམ་ལུགས་སོགས་ལག་བསྟར་ནན་པོ་བྱས་ཏེ་མི་འདེམས་མི་སྤྱོད་དང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་། ལས་ཁུངས་ཀྱི་སྒྲིག་ཁུངས་དོ་དམ་སོགས་ཀྱི་ཐད་ལམ་ལུགས་ལྟར་འགན་འཁྲི་འཁུར་བ་དང་། ལས་དོན་སྤེལ་དགོས། དོ་དམ་ནན་པོ་དང་གཅུན་འདོམས་ཤུགས་ཆེན་བྱས་ཏེ་ཉེན་བརྡའི་སློབ་གསོ་དང་རྒྱུན་གཏན་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་གྱོད་གཞི་དཔྱད་གཞིར་འཛིན་པ་དང་། གྱོད་གཞིར་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བ། གྱོད་གཞི་དྲངས་ནས་ཁྲིམས་ཤོད་པ། གྱོད་གཞི་དྲངས་ནས་སྒྲིག་ཁྲིམས་ཤོད་པ་བཅས་བརྒྱུད་ངོ་གདོང་དམར་པོ་དང་རྔུལ་རུལ་འཚུབ་འཚུབ་རྒྱུན་རྣམ་དུ་འགྱུར་བར་བྱེད་དགོས། ཡུན་རིང་ཐག་གཅོད་མི་ཐུབ་པའི་གནད་དོན་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱོད་བཟང་སྒྲིག་ནན་བྱེད་ཤུགས་ཆེ་རུ་གཏོང་བ། འགན་འཁྲི་མི་འཁུར་བ་དང་བྱས་རྗེས་མི་འཇོག་པའི་གནད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བཅས་བྱས་ཏེ་ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་གྱིས་རུལ་སུངས་ལ་ཆད་པ་གཅོད་དགོས།