《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月15日

བོད་ཀྱི་ཁག་གཉིས་པའི་གློག་དྲ་ཤར་གཏོང་ལས་གྲྭའི་ཆན་ཧྥུའུ་35ཡོད་པའི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་སྤྱོད་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་7ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་གྱི་དགོང་མོའི་ཆུ་ཚོད་1པོར་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཡེར་སྟོད་ཀྱི་ཆན་ཧྥུའུ་35ཡོད་པའི་གློག་སྒྱུར་ས་ཚིགས་ཀྱི་གློག་གནོན་སྒྱུར་ཆས་གཙོ་བོ་ནས་གློག་གཏོང་རྒྱུ་ལེགས་གྲུབ་བྱུང་བ་དེ་ཐོག་ནས་བོད་ཀྱི་ཁག་གཉིས་པའི་གློག་དྲ་ཤར་གཏོང་ལས་གྲྭའི་ཆན་ཧྥུའུ་35ཡོད་པའི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་སྤྱོད་འགོ་ཚུགས་པ་མཚོན་གྱི་ཡོད།

ལས་གྲྭ་དེ་བསྐྲུན་ནས་འཁོར་རྒྱུག་བྱས་པ་ལས་ཉེ་ཆར་ཆེ་རུ་སོང་བའི་རྫི་ཐང་རགས་ཁུལ་གྱི་གློག་སྤྱོད་དགོས་མཁོ་སྐོང་ཐུབ་པ་མ་ཟད། ཆབ་མདོ་གྲོང་ཁུལ་གྱི་གསར་སྤེལ་འཛུགས་སྐྲུན་དང་ས་གནས་དེ་གའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་གློག་ཤུགས་ཀྱི་འགན་ལེན་བརྟན་པོ་ཞིག་ཀྱང་བྱུང་ཡོད།