《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月15日

ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་ཀྱི་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་ འདེད་ཏན་ཏིག་བཏང་བ།

ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་9ཡི་འཛུགས་སྐྲུན་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་སྤེལ་བཞིན་ཡོད་པ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་ཟླ་7ཚེས་13ཉིན་གློག་འཕྲིན་འབྱོར་གསལ། འདི་ལོ་ཚུན་ལྷོ་ཁ་གྲོང་ཁྱེར་གྱིས་འཕར་རྒྱུ་འགན་ལེན་དང་། ཡོང་འབབ་བརྟན་པོ། གྲུབ་ཆ་ལེགས་པ་བཅས་དམིགས་ཚད་དུ་བྱས་ནས་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ལས་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

འདེབས་འཛུགས་ཀྱི་གྲུབ་ཆ་ལེགས་སུ་བཏང་ནས་འབྲུ་རིགས་ཐོན་སྐྱེད་འགན་ལེན་བྱས་པ། འདི་ལོ་ལྷོ་ཁ་གྲོང་ཁྱེར་གྱི་དཔྱིད་འདེབས་རྒྱ་ཁྱོན་མུའུ་ཁྲི་38.17ཟིན་པ་དང་སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་3.63ཟིན་པར་རིམ་རྩིས་བྱས་ན་སྔོ་ཚལ་འདེབས་ཁྱོན་ཆེ་རུ་བཏང་བའི་རྒྱ་ཁྱོན་མུའུ་ཁྲི་3.61ཟིན་པ། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་9ཡི་འཛུགས་སྐྲུན་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་སྤེལ་བཞིན་པ། ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་མ་དངུལ་སྒོར་ཁྲི་2497བགོ་བཤའ་རྒྱག་རྒྱུ་ཡིན་པ་དང་མིག་སྔའི་བར། མ་དངུལ་སྒོར་ཁྲི་899དོན་འཁྱོལ་བྱས་ནས་ལེགས་གྲུབ་བྱུང་ཚད་36%ཟིན་པ། ཞིང་སྨན་དང་རྫས་ལུད་སྤྱོད་མང་དུ་མི་གཏོང་བའི་འདུ་འགོད་ལ་མུ་མཐུད་སྐུལ་འདེད་བཏང་བས་ཞིང་སྨན་བསྡོམས་འབོར་ཏུན་41.94ལས་ཟིན་མེད།

སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་ནས་འབྲོག་ལས་ཐོན་སྐྱེད་ལ་སྐུལ་འདེད་བཏང་བ། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་ཕྱུགས་ཕྲུག་མགོ་གྲངས་ཁྲི་23.98སྐྱེས་པ་ལས་མགོ་གྲངས་ཁྲི་22.53གསོན་ནས་གསོན་ཚད་93.91%ཟིན་པ་དང་། ལོ་འཁོར་གྱི་བ་གླང་གི་རྒྱུད་པ་ལེགས་བཅོས་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ། རིམས་ནད་ཞིབ་བཤེར་མ་བྱས་པའམ་ཡང་ན་སྲོག་ཆགས་གང་བྱུང་དུ་བཤས་གཏོང་བའི་ཐོན་རྫས་ཚོང་རར་འཚོང་རྒྱུར་སྔོན་འགོག་ནན་པོ་བྱས་ཏེ། ཁྱོན་ཐོན་སྐྱེད་བྱ་ཡུལ་གྱི་ཕག་ཤའི་ཐོན་རྫས་ཏུན་130དང་ཕྱུགས་རིགས་མགོ་གྲངས་52ལ་ནད་ཡམས་ཞིབ་བཤེར་བྱས་པ། ཞིང་འབྲོག་པར་ཁ་གསབ་བྱ་དགའི་དངུལ་སྒོར་ཁྲི་8920.33སྤྲད་པ། གྲོང་ཁྱེར་ཡོངས་ཀྱི་ཕག་པ་ལག་ཡོད་མགོ་གྲངས་ཁྲི་2.6ཡན་རྒྱུན་འཁྱོངས་བྱས་ནས་ན་ནིང་ཕག་པ་བཤས་གཏོང་བའི་བྱ་དགའི་དངུལ་སྒོར་ཁྲི་104དོན་འཁྱོལ་བྱས་ཡོད།

ཐོན་ལས་རྣམ་གྲངས་ལ་དམ་འཛིན་ནན་པོ་བྱས་ཏེ་ཐོན་ལས་ལ་བརྟེན་ནས་ཞིང་ལས་དར་རྒྱས་བཏང་བ། འདི་ལོ་ཚུན། ཞིང་ལས་དང་གྲོང་གསེབ་ཁྱབ་ཁོངས་སུ་ལག་བསྟར་བྱས་པའི་རྣམ་གྲངས་114ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་19.65བཏང་ཡོད། ཟླ་5པའི་ཟླ་མཇུག་བར་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོའི་རྣམ་གྲངས་93ཟིན་པ་དང་། ཞིང་འབྲོག་ལས་ཀྱི་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་22ཟིན་པ། དབུལ་སྐྱོར་ཐོན་ལས་ཀྱི་མཐུད་སྐྲུན་རྣམ་གྲངས་55ཟིན་པ། “བརྒྱ་སྟོང་ཁྲིའི”འདུ་འགོད་རྣམ་གྲངས་33ལག་བསྟར་བྱས་པ། གྲོང་ཁྱེར་ཡོངས་ཀྱི“རྟེན་གཞི་ཆེན་པོ་བཅུའི”རྣམ་གྲངས་ཁྱོན་34ཟིན་པ། “ལོ་ལྔ་ཚན་བཅུ་བཞི་པའི”ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་པ། ཚད་གཞི་མཐོ་བའི་ཞིང་ཁ་དང་། སྲོག་ཆགས་ཀྱི་རིམས་འགོག་ནུས་པ་ཆེར་གཏོང་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་སོགས་རིགས་20ཡི་རྣམ་གྲངས་248གསེད་བཀྲོལ་བྱས་པར་ཚོད་རྩིས་བྱས་ན་ཁྱོན་དངུལ་སྒོར་དུང་ཕྱུར་165བཏང་ཡོད་པ་རེད།

ཚན་རྩལ་གྱི་འདེགས་སྐྱོར་གསར་གཏོད་བྱས་ནས་ཞིང་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ། ལག་རྩལ་པ་བརྒྱ་གཞི་རིམ་དུ་སྐྱོད་པའི་བྱེད་སྒོ་སྤེལ་བ་དང་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་སྨད་སྡེ་ཁུལ་དུ“ཧི་མ་ལ་ཡ་ཨང་22པ”མུའུ་400ཡུག་འབྲེལ་འདེབས་འཛུགས་བྱས་པ་དང་། མཁར་ཐོག་སྡེ་ཁུལ་དུ་མ་རྨོས་ལོ་ཏོག་མུའུ་100འདེབས་འཛུགས་བྱས་པ། མུའུ་400ཡི་ནས་ཀྱི་རྟེན་གཞིར་མི་མེད་གནམ་གྲུས་སྨན་གཏོར་བ་དང་། མུའུ་4ཡི་ཤིང་པད་མ་དང་སྨན་སྤྱོད་ཤིང་པད་མ་ཚོད་འདེབས་བྱས་པས་མིག་སྔར་སྐྱེ་ཚུལ་ཡག་པོ་ཡོད་པ་དང་། མུའུ་4050ལ་མ་རྨོས་ལོ་ཏོག་སྣ་ཁ་གསར་པ་6ཚོད་འདེབས་བྱས་ཡོད།

(བདེ་སྐྱིད་དང་ཚེ་ཁོས་སྒྱུར་ཞུས་བྱས)