《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月15日

ལག་ཤེས་ཡག་པོ་ཡོད་ཚེ་ཡོང་འབབ་བརྟན་པོ་འཕར་ཐུབ།

ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་ཁྲོམ་ར་ཁྲིད་ཕྱོགས་སུ་བྱེད་པ་དང་། ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་པ། མང་ཚོགས་ལ་ཡོང་འབབ་འཕར་བར་སྐུལ་མ་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ། “ཐོན་ལས་གཞི་ཁྱོན་ཅན་དང་། དོ་དམ་ཚད་ལྡན་ཅན། དཔལ་འབྱོར་སྤུས་རྟགས་ཅན། ཐོན་རྫས་ཚན་རྩལ་ཅན”བཅས་ཀྱི་བླང་བྱར་དམིགས་ནས་མང་ཚོགས་ཀྱིས་སྲོལ་རྒྱུན་གྱི་བཟོ་རྩལ་ནས་ཁྱད་ལྡན་བཟོ་རྩལ་ཕྱོགས་སུ་འགྱུར་ལྡོག་གཏོང་རྒྱུའི་སྣེ་ཁྲིད་བྱས་ཏེ་འཇོན་ཐང་ཆེ་བ་དང་འབབ་འཕར་གྱི་ཕན་འབྲས་ཆེ་བའི་ཐོན་རྫས་རྣམ་གྲངས་ལ་གཙོ་གནད་ཐོག་རོགས་སྐྱོར་དང་ཡར་སྐུལ་གྱིས་སྐྱོན་བྲལ་ངང་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

འདི་ནི་ལྷ་ས་གྲོང་ཁྱེར་ཞོལ་འདོད་དཔལ་ལག་ཤེས་སྒྱུ་རྩལ་ཀུན་གཏོད་བར་མཐོངས་ཀྱི་ལག་ཤེས་བཟོ་པས་བརྐོས་རྒྱག་བཞིན་པ།