《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月14日

རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ཏང་འཛུགས་སྐྱོང་གི་ཤེས་བྱའི་འགྲན་བསྡུར་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་12ཉིན་གནས་ཚུལ་འབྱོར་གསལ། ཏང་ཡོན་ལས་བྱེད་པས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་ཆེ་རུ་གཏོང་ཆེད། ཉེ་དུས་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས“སློབ་སྦྱོང་སྟོབས་ཆེན་ཐིང”གི་ཏང་འཛུགས་སྐྱོང་གི་ཤེས་བྱའི་འགྲན་བསྡུར་བྱས་པ་རེད།

ད་ཐེངས་ཀྱི་འགྲན་བསྡུར་བྱེད་སྒོར་ནོར་སྲིད་ཐིང་ལས་ཁུངས་ཀྱི་ཏང་ཀྲི་པུའུ་13དང་། དེ་བཞིན་བོད་ལྗོངས་རྐང་དབང་ཀུང་སིའི་ཏང་ཨུད། བོད་ལྗོངས་ཚོང་བཅོལ་ཀུང་སིའི་ཏང་ཀྲི་པུའུ་བཅས་ཀྱིས་རྒྱན་རྒྱག་པའི་བྱེད་ཐབས་ཐོག་ནས་འགྲན་ཞུགས་རུ་ཁག་6བཙུགས་པ་དང་ས་གནས་ས་ཐོག་ཏུ་འགྲན་བསྡུར་དང་། དཔྱད་འདེམས། བྱ་དགའ་སྤྲོད་པ་བཅས་བྱས་པ་རེད།