《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月14日

ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

སྤྱི་པའི་ཐོན་ཁུངས་ལས་སྟེགས་བསྡུ་སྒྲིལ་མཉམ་སྤྱོད་ཟབ་ཏུ་གཏོང་བ་དང་བཅོས་སྣུམ་གྱི་འཛད་སྤྱོད་དཔྱ་ཁྲལ་བསྡུ་བའི་འབྲེལ་ཡོད་ལས་དོན་སོགས་དོན་གནད་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་2019ལོའི་རང་སྐྱོང་ལྗོངས་སྲིད་གཞུང་གི་རིམ་པ་དེ་གའི་ནོར་སྲིད་ངེས་རྩིས་ཀྱི་སྙན་ཞུ་དང་། བཅོས་སྣུམ་གྱི་འཛད་སྤྱོད་དཔྱ་ཁྲལ་བསྡུ་བ། སྤྱི་པའི་ཐོན་ཁུངས་ལས་སྟེཌ་བསྡུ་སྒྲིལ་མཉམ་སྤྱོད་ལས་དོན་ཟབ་ཏུ་གཏོང་བ་བཅས་དང་དེ་བཞིན《བོད་རང་སྐྱོང་ལྗོངས་ཀྱི་མི་རིཌ་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་འཆར་འགོད(2021—2025)》འཆར་འགོད་བཟོ་བའི་གནས་ཚུལ་སོགས་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་རེད།

ཚོགས་འདུའི་ཐོག་2019ལོའི་རང་སྐྱོང་ལྗོངས་སྲིད་གཞུང་གི་རིམ་པ་དེ་གའི་ནོར་སྲིད་ངེས་རྩིས་ཀྱི་སྙན་སྒྲོན་ལ་རྩ་དོན་ཐོག་ནས་མོས་མཐུན་གནང་བ་དང་གོ་རིམ་ལྟར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ཞིབ་མཆན་འགོད་རྒྱུར་ཕུལ་བ་རེད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་ཚད་གཞི་དང་ཡང་ཡང་བསྡུར་ནས“སྤྱིར་བཏང་ལ་གནོན་པ་དང་། གཙོ་གནད་འགན་ལེན། གསོག་འབོར་སྤྱོད་པ། འཕར་ཚད་སྤྱོད་པ”བཅས་ཀྱི་ལས་ཀའི་རྩ་དོན་མཐའ་འཁྱོངས་བྱས་ནས་ནོར་སྲིད་སྲིད་ཇུས་དང་མ་དངུལ་གྱི་ཕྱོགས་སྟོན་རང་བཞིན་དང་། གནད་འཁེལ་རང་བཞིན། ཕན་ནུས་རང་བཞིན་བཅས་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག “རིམ་དབྱེ་ལག་བསྟར་དང་བརྟན་པོའི་ངང་སྐུལ་འདེད་གཏོང་བའི”རྩ་དོན་མཐའ་འཁྱོངས་བྱས་ཏེ། ལྗོངས་ཡོངས་ཀྱི་བཅོས་སྣུམ་ཁེ་ལས་ཚང་མའི་འབྲེལ་ཡོད་གནས་ཚུལ་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། དྲིལ་བསྒྲགས་དང་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། བཅོས་སྣུམ་གྱི་འཛད་སྤྱོད་དཔྱ་ཁྲལ་བསྡུ་བའི་འབྲེལ་ཡོད་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ཀྲུང་དབྱང་གི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་སྦྲགས། བྱ་བ་བཟང་པོ་ཡག་པོ་ཡང་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག་སྤྱི་པའི་ཐོན་ཁུངས་ལས་སྟེགས་བསྡུ་སྒྲིལ་མཉམ་སྤྱོད་བྱ་རྒྱུ་ནི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་དོན་འཁྱོལ་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། དེས་སྤྱི་པའི་ཐོན་ཁུངས་སྒྲིག་སྦྱོར་གྱི་ལས་ཆོད་ཆེ་རུ་གཏོང་བ་དང་། སྤྱི་པའི་ཐོན་ཁུངས་ཉོ་ཚོང་ཁྲོམ་ར་གྲ་རྒྱས་སུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ལ་ཕན་ཐོགས་ཡོད། 《ལས་འགན་ཁག་བགོས་རེའུ་མིག》ལ་ནན་པོར་གཞིགས་ནས། མཚམས་ཚིགས་རེ་རེ་བཞིན་ལས་འགན་དུས་ཐོག་ཏུ་ལེགས་སྒྲུབ་བྱས་ཏེ་ལོ་མཇུག་ཏུ“ལྗོངས་ཡོངས་ཀྱི་དྲ་རྒྱ་གཅིག”མངོན་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་པ་རེད།

ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》ཟླ་5ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་ཤིང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུའུ་ཞི་དབང་དབྱང་གིས་བོད་དུ་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་སྒྲུབ་པ། རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་འཆར་འགོད་བཟོ་སྒྲིག་གི་ལས་དོན་སྔར་བས་འཐུས་ཚང་དུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུཌ་གཏོད་ལས་དོན་ཕྱོགས་ཡོངས་དང་གཏིང་ཟབ་ངང་སྤེལ་བ་བཅས་བྱས་ཏེ་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཞེས་བསྟན་པ་རེད།