《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月14日

བོད་ལྗོངས་རིག་གནས་རླུང་འཕྲིན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས་དང་ལྷ་ས་གྲོང་ཁྱེར་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱི་ཨར་ལས་འཛུགས་སྐྲུན་ཐད་མཚམས་ཚིག་གི་བླང་བྱ་གཞིར་བཟུང་སྐུལ་འདེད་བརྟན་པོ་བཏང་ཡོད། རྣམ་གྲངས་སྐྲུན་ཟིན་རྗེས་ལག་རྩལ་དང་སྒྲིག་ཆས་སྔོན་ཐོན་ཡིན་པ་དང་ས་ཁོངས་མི་རིགས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་མཚོན་རྟགས་རང་བཞིན་གྱི་སྐྲུན་དངོས་ཤིག་ཏུ་འགྱུར་རྒྱུ་རེད་ལ། བོད་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། སྒྱུ་རྩལ་བཅས་ཀྱི་འཕེལ་རྒྱས་མངོན་པའི་སྐར་ཁུང་གལ་ཆེན་ཞིག་ཏུའང་འགྱུར་རྒྱུ་རེད། འདི་ནི་ལས་གྲྭ་འཛུགས་སྐྲུན་བྱ་ཡུལ་ཡིན་པ།