《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月14日

ཟླ་དང་པོ་ནས་ལྔ་པ་བར་ལྗོངས་ཡོངས་ཀྱི་ཁྲོམ་ར་མུ་མཐུད་སླར་གསོ་བྱུང་སྟེ།

འཛད་སྤྱོད་ཁྲོམ་ར་ཡུན་རིང་བརྟན་པོ་དང་། མུ་མཐུད་རིམ་འཕར། འཕེལ་ཕྱོགས་མི་འགྱུར་བ་བཅས་ཀྱི་རྣམ་པ་ཐོན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པས་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱས་པར། ཟླ་ཤས་བསྟུད་མར། རང་ལྗོངས་ཀྱི་སྡེ་ཚན་ཁག་གིས་ཀུན་སེམས་གཅིག་སྒྲིལ་ངང་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཕན་མེད་ཤུགས་རྐྱེན་ལ་ཕྱོགས་ནས་བྱེད་ཐབས་སྣ་ཚོགས་སྤྱད་དེ་སླར་གསོའི་རང་བཞིན་གྱི་འཛད་སྤྱོད་ལ་སྣེ་ཁྲིད་བྱས་པར་བརྟེན་ཚོང་དོན་དཔལ་འབྱོར་གྱི་དམིགས་ཚད་ཁག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་ལྗོངས་ཡོངས་ཀྱི་ཁྲོམ་ར་མུ་མཐུད་སླར་གསོ་ཐུབ་ཡོད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཟླ་དང་པོ་ནས་ལྔ་པ་བར། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་250.95ཟིན་པ་དེ་དུས་མཚུངས་ལས་12.6%ཆག་པ་དང་ཆག་ཚད་ཟླ་དང་པོ་དང་བཞི་པ་ལས་བརྒྱ་ཆའི་གྲངས་2.4ཉུང་དུ་ཕྱིན་པ་དེར་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་0.9ཡིས་མཐོ་བ་ཡོད་པ་རེད། ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་7.2ཟིན་པའི་ནང་ཕྱིར་གཏོང་དངུལ་འབོར་སྒོར་དུང་ཕྱུར་4.74ཟིན་པ་དེ་58.6%ཆག་པ་དང་། ནང་འདྲེན་དངུལ་འབོར་སྒོར་དུང་ཕྱུར་2.46ཟིན་པ་དེ་66.1%འཕར་ཡོད་པ་རེད།

ལྗོངས་ཚོང་དོན་ཐིང་འཆར་འགོད་ནོར་དོན་ཁྲུའི་འཆར་འགོད་ཁོའོ་ཡི་འགན་འཁུར་བ་ལི་ཅན་ཧུའེ་ཡིས“གྲངས་གཞི་ལས་རགས་ཙམ་བལྟས་ན། འགྱུར་ལྡོག་ཕྲན་བུ་ལས་བྱུང་མེད། འོན་ཀྱང་ཟླ་དང་པོ་ནས་ལྔ་པ་བར། རང་ལྗོངས་ཀྱི་ཁེ་ལས་དང་ཚོང་ལས་ཁྲོམ་ར་མགྱོགས་མྱུར་སླར་གསོ་ཡོང་བར་སྐུལ་འདེད་བཏང་བ་དང་བསྟུན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱུན་རྣམ་འོག་སྲིད་ཇུས་ཁག་དོན་འཁྱོལ་བྱུང་བ་དང་ལྷག་པར་དུ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པར་ཕན་འབྲས་རིམ་བཞིན་ཐོན་ནས་འཛད་སྤྱོད་ཁྲོམ་ར་རིམ་གྱིས་སླར་གསོ་བྱུང་ཡོད། ཟླ་ལྔ་པར་རང་ལྗོངས་ཀྱི་འཛད་སྤྱོད་ཁྲོམ་ར་མུ་མཐུད་སླར་གསོ་བྱུང་བ་དང་ཁྲོམ་རའི་བྲིན་ཚོང་ཆག་ཚད་མུ་མཐུད་ཆུང་དུ་འགྲོ་བཞིན་ཡོད། ཕུགས་ནས་བལྟས་ན། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་ཁག་ལ་མུ་མཐུད་སྐུལ་མ་ཐེབས་པ་དང་བསྟུན་ནས་རིམས་ནད་ཀྱིས་རང་ལྗོངས་ཀྱི་འཛད་སྤྱོད་ཁྲོམ་ར་ཡུན་རིང་བརྟན་པོ་དང་མུ་མཐུད་རིམ་འཕར་གྱི་འཕེལ་རྒྱས་རྣམ་པར་ཤུགས་རྐྱེན་ཐེབས་མི་སྲིད”ཅེས་བརྗོད་བྱུང་།