《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月10日

གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་ལས་དོན་ལ་ཕན་འབྲས་ཐོན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིཌ་ན། གཞིས་རྩེ་གྲོང་ཁྱེར་དེ་ཉིད་2013ལོར་རྒྱལ་ཁབ་མི་རིཌ་ལས་དོན་ཨུ་ལྷན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་བྱེད་སྒོའི་དཔེ་སྟོན་གྲོང་ཁྱེར་དུ་གཏན་འཁེལ་བྱས་རྗེས། གཞིས་རྩེ་གྲོང་ཁྱེར་གྱིས་ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་མི་རིགས་ཡར་ཐོན་གྱི་ཁ་ཕྱོཌ་ཡང་དག་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ། མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱས་པ་དང་རིགས་དབྱེ་ཇུས་འདོན་བྱ་རྒྱུར་སྣང་ཆེན་བྱས་པས། མི་རིཌ་མཐུན་སྒྲིལ་ཡར་ཐོན་གཏོད་འཛུཌ་ལས་དོན་ལ་ཕན་འབྲས་ནུས་ལྡན་ཐོན་པ་རེད།

གཞིས་རྩེ་གྲོང་ཁྱེར་གྱིས་གོང་ནས་འོག་བར་རིག་རྩལ་འཁྲབ་སྟོན་བྱེད་སྒོ་ཐེངས་ཁྲི་1.2སྤེལ་བ་དང་། མང་ཚོགས་མི་ཐེངས་ཁྲི་90ལྷག་ཙམ་ཡོད་པའི་ཞིང་འབྲོག་པའི་ལུས་རྩལ་འགྲན་བསྡུར་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”གཏམ་བཤད་འགྲན་བསྡུར། ཐོན་ལས་འཕེལ་རྒྱས་ཀྱི་འགྲན་བསྡུར་ཆེ་མོ་བཅས་གཉེར་ནས། མང་ཚོགས་ཀྱི་བློ་ཁ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་བདེ་ཐང་དང་ཤེས་དཔལ་གྱི་འཚོ་བའི་ཕྱོགས་སུ་དྲངས་པ་དང་དུས་མཚུངས། ཝུའུ་གྲོང་རྡལ་གྱི་སྐབས་ལྔ་པའི་ཟློས་གར་དུས་ཆེན་ཐོག གཅུང་པ་ལྷ་མོ་ཚོགས་པས་ལྷ་མོའི་འཁྲབ་གཞུང《དོན་ཡོད་དོན་གྲུབ》འཁྲབ་པ་དང་། གླུ་གཞས་ཟློས་གར་ཆེ་གྲས《བཀྲ་ཤིས་གཞིས་རྩེ》དང《རྒྱལ་རྩེའི་དྲན་འཆར》ཧྲན་ཏུང་དང་ཧྲང་ཧའེ་རུ་སྐོར་སྐྱོད་འཁྲབ་སྟོན་བྱས་པས། མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་ཧྭ་རིག་གནས་ལ་ངོས་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་པ་རེད།

གཞིས་རྩེ་གྲོང་ཁྱེར་གྱིས་དཔེ་སྟོན་སྣེ་ཁྲིད་ནུས་པ་གང་ལེགས་བཏོན་པ་དང་། 2016ལོ་ནས་བཟུང་། རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་བྱེད་སྒོའི་དཔེ་སྟོན་ཚན་པ་4དང་། གྲོང་ཁྱེར་རིམ་པའི་དཔེ་སྟོན་ཚན་པ་15 རྫོང་རིམ་པའི་དཔེ་སྟོན་ཚན་པ་1038བཅས་སྐྱེད་བསྲིང་བྱས་པ་དང་། གྲོང་ཁྱེར་ཡོངས་སུ་མི་རིགས་མཐུན་སྒྲིལ་གྱི་ཐང་ཆེན་15དང་མི་རིགས་མཐུན་སྒྲིལ་གྱི་ཁྲོམ་གཞུང་18བསྐྲུན་ཞིང་། རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་66དང་དཔེ་བཟང་མི་སྒེར་103འོས་སྦྱོར་བྱས་པ་དང་། གྲོང་ཁྱེར་རིམ་པའི་དཔེ་བཟང་མཉམ་སྡེབ་101དང་དཔེ་བཟང་མི་སྒེར་179དང་རྫོང་རིམ་པའི་དཔེ་བཟང་མཉམ་སྡེབ་606དང་དཔེ་བཟང་མི་སྒེར་1050ལ་གཟེངས་བསྟོད་བྱས་པ་རེད།