《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月10日

མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གི་བདེ་སྐྱིད་ལྡན་པའི་འཚོ་བ།

ལི་ཀྲུང་ཅུན་ནི་རིན་སྤུངས་རྫོང་བར་ཐང་ཤང་ས་མདའ་གྲོང་ཚོའི་ལས་གཏོད་པ་ཞིག་ཡིན་པ་དང་། 2009ལོར་གཞིས་རྩེའི་བོད་རིགས་བུ་མོ་ཆོས་སྒྲོན་མནའ་མར་བླངས་པ་རེད། ལོ་མང་རིང་། ལི་ཀྲུང་ཅུན་དང་ཆོས་སྒྲོན་གྱིས་གྲོང་པ་ཁྱིམ་མཚེས་དང་འཆམ་མཐུན་མཉམ་གནས་བྱས་པ་མ་ཟད། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་འབད་འཐབ་ཧུར་ཐག་བྱས་པས། ཁྱིམ་ཚང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན། དབུལ་སྐྱོར་སྲིད་ཇུས་ཀྱི་རོགས་རམ་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པའི་ཐུགས་ཁུར་འོག ལི་ཀྲུང་ཅུན་གྱིས་རང་ཁྱིམ་གྱི་མུའུ་3.7ཟིན་པའི་ས་ཞིང་དུ་དྲོད་ཁང་ཆེ་མོ་6བརྒྱབ་པ་དང་། འདེབས་འཛུགས་ཀྱི་ཉམས་མྱོང་ཡོད་པའི་ཡུལ་མིའི་ས་ནས་ལག་རྩལ་སློབ་སྦྱོང་བྱས་པ་མ་ཟད། ཞིང་ལས་འདེབས་འཛུགས་སྤེལ་རེས་ཚོགས་པར་ཞུགས་ནས་ཁོང་ཚོ་དང་ཉམས་མྱོང་སྤེལ་རེས་བྱས་པ་རེད། ད་ཆ་སྔོ་ཚལ་དྲོད་ཁང་ཆེ་མོ་6ལ་ལོར་ཡོང་འབབ་སྒོར་ཁྲི་24ལྷག་ཙམ་ཡོད་པ་དང་། འབབ་འཕར་ཕྱུག་འགྱུར་གྱི་ཞོར་དུ་ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་འབབ་འཕར་གྱི་ལས་གནས་ཀྱང་མཁོ་འདོན་བྱས་པ་རེད།

འདི་ནི་ལི་ཀྲུང་ཅུན་དང་ཁོང་གི་བཟའ་ཟླ་ཆོས་སྒྲོན་གྱིས་དྲོད་ཁང་ཆེ་མོའི་ནང་གི་སྔོ་ཚལ་ལ་གཡོག་བྱེད་བྱེད་བཞིན་པ།