《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月10日

མཐུན་སྒྲིལ་ལམ་བུ་ཡངས། སེམས་མཐུན་གླུ་དབྱངས་སྙན།

—— རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་མི་རིགས་མཐུན་སྒྲིལ་ལས་དོན་སྐོར་བཀོད་པ།

2019ལོ་ནས་བཟུང་། བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དར་ཆ་ཐོག་མཐའ་བར་གསུམ་དུ་མཐོན་པོར་བསྒྲེངས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་རྒྱ་ཁྱབ་གཏིང་ཟབ་སྤེལ་ཏེ། འདྲ་མཉམ་དང་། མཐུན་སྒྲིལ། རོཌ་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྔར་བས་སྲ་བརྟན་དུ་བཏང་བ་རེད།

བརྟན་ལྷིང་འཆམ་མཐུན་ལ་སྣང་ཆེན་གྱིས་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་དུ་བཏང་བ།

རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་འཛུགས་གཏོད་ལས་དོན་དེ་འགྲིམ་འགྲུལ་སྐྱེལ་འདྲེན་གྱི“འཛུགས་སྐྲུན་དང་། དོ་དམ། བདག་སྐྱོང་། སྐྱེལ་འདྲེན”བཅས་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ལ་བརྩིས་ཏེ། འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་སུ་གནས་མང་བ་དང་། ལམ་ཐག་རིང་བ། ཁྱབ་རྒྱ་ཆེ་བ། ལས་བཟོ་མང་བའི་ཁར། ས་གནས་མི་འདྲ་བ་ནས་ཡིན་པར་དམིགས་ནས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་དཔྱད་ཡིག་2000ལྷག་ཙམ་བཀྲམ་པ་རེད། བྱེད་ཐབས་སྣ་ཚོགས་སྤྱད་དེ་སློབ་སྦྱོང་སྒྲིག་འཛུགས་བྱས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བྱ་གཞག་ཁག་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་ཆ་རྐྱེན་བཟང་པོ་བསྐྲུན་པ་རེད། གཞན་ཡང་། དུས་ཆེན་དང་གུང་གསེང་སྣ་ཚོགས་གཞི་རྟེན་དུ་བྱས་ཏེ་རྣམ་པ་སྣ་ཚོགས་དང་། ནང་དོན་ཕུན་སུམ་ཚོགས་པ། རོལ་རྩེད་ཞོར་ལ་སློབ་གསོ་ཐེབས་པ་བཅས་ཀྱི་མཉམ་འགུལ་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ། ཉེ་འགྲམ་གྱི་མི་དང་ཉེ་འགྲམ་གྱི་བྱ་བ་བརྒྱུད་ལྟ་འདོད་ཅིང་ཉན་སྤྲོ་བའི་རིག་རྩལ་ལེ་ཚན་གསར་རྩོམ་བྱས་ནས་མི་རིགས་མཐུན་སྒྲིལ་འཛུགས་གཏོད་དེ་རྒྱུན་གཏན་གྱི་འཚོ་བ་དང་། ལས་དོན། སློབ་སྦྱོང་བཅས་ཀྱི་ཁྲོད་མཉམ་འདྲེས་བྱས་པ་རེད།

ལས་སྒོར་སྣང་ཆེན་གྱིས་མི་རིགས་མཐུན་སྒྲིལ་གྱི་གཙོ་རྐང་མངོན་གསལ་དོད་པོ་ཡོང་བར་བྱས་པ།

རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་དེ་འགྲིམ་འགྲུལ་སྐྱེལ་འདྲེན་གྱི“འཛུགས་སྐྲུན་དང་། དོ་དམ། བདག་སྐྱོང་། སྐྱེལ་འདྲེན”བཅས་ཀྱི་ལས་དོན་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་མི་རིགས་ཁག་གི་མང་ཚོགས་འགྲོ་སྐྱོད་སྟབས་བདེ་ཡོང་བ་དང་ཟུང་འབྲེལ་བྱས་ཏེ་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཕྱོགས་བསྡུས་མ་ལག་ཟམ་མི་ཆད་པར་གང་མགྱོགས་བསྐྲུན་པ་རེད། 2019ལོར། གཞུང་ལམ་འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར་458བཏང་ནས་བར་ལའི་ཕུག་ལམ་དང་། G318འགྲམ་གྲོང་རྡལ་ནས་མཛའ་གྲོགས་ཟམ་པ་བར་གྱི་སླར་གསོ་བསྐྱར་སྐྲུན་ལས་གྲྭ། མཛའ་གྲོགས་ཟམ་པ། རི་ཟུར་ཟམ་པ། རྒྱལ་ལམ་559ལམ་ཐིག་སྤོ་བོ་རྫོང་ནས་མེ་ཏོག་བར་གྱི་ལས་གྲྭ་བསྐྱར་སྐྲུན་རྒྱས་སྐྲུན། འབྲུག་མཆོག་ལ་རི་བོའི་ཕུག་ལམ་དང་དེ་བཞིན་འབྲེལ་མཐུད་ལས་གྲྭའི་རྣམ་གྲངས་བཅས་བསྐྲུན་ཟིན་ཡོད། G6ནག་ཆུ་ནས་ལྷ་ས་བར་དང་། G4218ལྷ་ས་ནས་གཞིས་རྩེ་བར་གྱི་གསར་སྐྲུན་ལས་གྲྭ G559སྤོ་བོ་ནས་མེ་ཏོག་བར་དང་ཆབ་མདོ་ནས་ལྕགས་ཁ་བར་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།

2019ལོར། ལྗོངས་ཡོངས་སུ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལམ་ཐིག་233ཤར་གཏོང་ཐུབ་པ་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དུས་གཏན་རླངས་འཁོར་385སྐྱེལ་འདྲེན་ལས་ལ་ཞུཌ་ཡོད། རྫོང་དུ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་98.6%ཟིན་པ་དང་། ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དུ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་70%དང་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་47%ཟིན་གྱི་ཡོད་པ་རེད། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དཀྱུས་མའི་ཞབས་ཞུའི་ཁུལ་59དང་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་ཨ་མའི་གསང་སྤྱོད་288ཚང་མ་ལས་མཇུག་འགྲིལ་ཡོད་པ་རེད། སྤྱི་ལེ་648ཀྱི་རྒྱལ་ལམ་དང་གཞུང་ལམ་གྱི་བདེ་འཇགས་ཚེ་སྲོག་འགོག་སྲུང་ལས་གྲྭ་ལག་ལེན་བསྟར་བ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གྱི་ཉེན་ཆེའི་ཟམ་པ་106དང་སྨི་6161སྒྱུར་བཀོད་བྱས་པ་རེད།

རྒྱུན་འཛིན་དར་སྤེལ་ལ་སྣང་ཆེན་གྱིས་མི་རིགས་མཐུན་སྒྲིལ་གྱི་མིག་དཔེ་ཡག་པོ་བཏོད་པ།

རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་ཡག་པོ་དང་། གསར་བརྗེའི་སྲོལ་རྒྱུན་དར་སྤེལ་ཡག་པོ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བཅས་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་བཏང་བ་དང་སྦྲགས། འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་སུ་གསར་བརྗེའི་དཔེ་དེབ་ལྟ་ཀློག་གི་བྱེད་སྒོ་གཏིང་ཟབ་སྤེལ་བ་རེད། གསར་བརྗེའི་དཔེ་དེབ་ལྟ་ཀློག་གི“གཅིག་རེ་བཞིའི”བྱེད་སྒོ་སྒྲིག་འཛུགས་ནན་ཏན་བྱས་ནས་ཏང་ཡོན་ལས་བྱེད་པས་བོད་ལ་དགའ་ཞེན་བྱེད་པའི་སྤོབས་སེམས་དང་། བོད་འཛུགས་སྐྲུན་བྱེད་པའི་འགན་འཁྲིའི་འདུ་ཤེས། ཕྲག་ཏུ་འཁུར་བའི་འགན་འཁྲི་འཁུར་སེམས་བཅས་འཕེལ་བར་བྱས་པ་རེད།

“ལམ་གཉིས་ཀྱི་སྙིང་སྟོབས”ཀྱི་དྲན་གསོ་ཁང་གི་ནུས་པ་གང་ལེགས་བཏོན་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ཀྱི་སློབ་གསོ་གཏིང་ཟབ་སྤེལ་ཏེ། གསར་བརྗེའི་རྟེན་གཞིའི་ནུས་པ་བཏོན་ནས་གསར་བརྗེའི་རྟེན་གཞིའི་འགན་འཁྲི་ཏན་ཏིག་འཁུར་བ་རེད།

2019ལོའི་ཟླ་11པར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་བོད་རང་སྐྱོང་ལྗོངས་ཀྱི“ལམ་གཉིས་ཀྱི་སྙིང་སྟོབས”ཀྱི་དྲན་གསོ་ཁང་ལ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི”ཁག་དྲུག་པའི་མིང་གནང་བ་རེད།