《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月10日

ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་འབྲོག་མང་ཚོགས་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་ལས་དོན་སྐུལ་སྤེལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། ལྷོ་ཁ་གྲོང་ཁྱེར་གྱིས་ཐབས་མང་མཉམ་སྤྱོད་བྱས་ཏེ་ལས་དོན་ཁག་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་ཞིང་འབྲོག་མང་ཚོགས་འབབ་འཕར་གྱི་ཐབས་ལམ་རྒྱ་སྐྱེད་དུ་བཏང་ཡོད།

ལྷོ་ཁ་གྲོང་ཁྱེར་གྱིས་རྣམ་གྲངས་འཛུགས་སྐྲུན་ནང་མང་ཚོགས་ཧུར་ཐག་ཞུགས་པར་སྐུལ་མ་བཏང་སྟེ་མང་ཚོགས་ཀྱིས་ངལ་ནུས་འདོན་པ་དང་། འཕྲུལ་འཁོར་བོགས་མར་གཏོང་བ། ས་ཞིང་རྒྱུ་ཆ་ཕྱིར་ཚོང་སོགས་ཀྱི་བྱེད་སྟངས་སྤྱད་དེ་འཆར་གཞི་ཡོད་པ་དང་སྒྲིག་འཛུགས་ཡོད་པའི་ངང་ལས་ཞུགས་གཞན་སྒྱུར་ལ་ཁྲིད་སྟོན་བྱས་ཡོད། དངོས་ཚན་ཅན་གྱི་རྩ་འཛུགས་འཛུགས་སྐྲུན་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་དང་ངལ་ནུས་ཕྱིར་གཏོང་རྒྱུན་རྣམ་ཅན་དང་གཞི་ཁྱོན་ཅན་ལ་སྐུལ་འདེད་བཏང་ནས་ད་ལོ་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་གྱི་སྒྲིག་གཞི་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཡོངས་ལ་ཁྱབ་པ་དང་སྲུབས་མེད་སྦྲེལ་མཐུད་ཐུབ་པའི་འགན་ལེན་བྱས་ཡོད། ཐོན་ལས་སྦྲེལ་མཐུད་དང་། ཁྲོམ་ར་སྦྲེལ་མཐུད། ཁེ་ལས་སྦྲེལ་མཐུད་བཅས་ཧུར་ཐག་བྱས་ཏེ་མི་སྤྱི་ཚན་པས་འགོ་ཁྲིད་པ་དང་། ཁེ་ལས་ཀྱིས་ལས་གནས་མཁོ་འདོན་བྱེད་པ། མང་ཚོགས་གསོ་སྦྱོང་བྱས་རྗེས་གནས་གཏན་འཁེལ་གྱིས་ལས་ཞུགས་བྱེད་པ་བཅས“མངགས་ཐོ་དམིགས་བཙུགས་རྣམ་པའི”གསོ་སྦྱོང་གི་རྣམ་པ་ཡག་པོ་ཞིག་བཏོད་ཡོད། འགོ་ཁྲིད་གཙོ་བོས་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་ལ་དམ་འཛིན་བྱེད་པའི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ་དང་། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། རྩོད་གཞི་འདུམ་འགྲིག་ལ་དམ་འཛིན་ཡག་པོ་བྱེད་པ། ཞབས་ཞུ་འགན་ལེན་ལ་ཤུགས་སྣོན་རྒྱག་པ། ལས་ཞུགས་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ཏེ་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་བྱ་རྒྱུ་དེ་ལྡོག་མེད་ཀྱི་ཚད་གཞི་ཞིག་ལ་བརྩིས་ནས་དོན་ཐོག་ཏུ་འཁྱོལ་བ་བྱས་ཡོད། “བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་བཙུགས་ཏེ་རང་འགན་རང་འཁུར་དང་རང་འགན་གཙང་སྒྲུབ་བྱས་ཁར་ཕན་ཚུན་གཞོགས་འདེགས་དང་མཉམ་དུ་འགག་སྒྲོལ་བྱས་ནས་གོང་འོག་རྡོག་རྩ་གཅིག་སྒྲིལ་དང་། ཕྱོགས་ཁག་མཉམ་ཞུགས། མཉམ་འཛིན་སྤྱི་སྒྲུབ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་ཡོད་པ་རེད།