《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月10日

དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སུ་མངོན་མིན་རིག་གནས་ཤུལ་བཞག་མྱོང་རོལ་བྱེད་པ།

ཉེ་བའི་ལོ་ཤས་རིང་། ཧོ་པེ་ཞིང་ཆེན་ཝུན་ཨན་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་དེ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོའི་ཁྲོད་མཉམ་འདྲེས་ཡོང་བར་བྱས་ནས་སྒྱུ་རྩལ་ངོམ་སྟོན་དང་། གཅིག་སྡུད་གཏམ་བཤད། མཉམ་འགུལ་སློབ་ཁྲིད་སོགས་ཀྱི་བྱེད་སྟངས་བརྒྱུད་མངོན་མིན་རིག་གནས་ཤུལ་བཞག་ཤང་དང་། གྲོང་ཚོ། སྡེ་ཁུལ་བཅས་ལ་ཁྱབ་རྒྱུར་སྐུལ་འདེད་བཏང་ནས་རྒྱ་ཆེའི་མང་ཚོགས་ཚོས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་མངོན་མིན་རིག་གནས་ཤུལ་བཞག་གི་ངོ་མཚར་མྱོང་རོལ་བྱས་ཤིང་། འདི་ནི་ཝུན་ཨན་རྫོང་སུའུ་ཆའོ་གྲོང་རྡལ་ནུང་ཀུང་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སུ་མངོན་མིན་རིག་གནས་ཤུལ་བཞག་སུའུ་ཆའོ་ཡི་དབྱུག་སྐོར་སྒྱུ་རྩལ་བས་ཕྲུ་གུ་ཚོར་དབྱུག་པ་སྐོར་སྟངས་སློབ་བཞིན་པ།