《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月10日

མཚོ་བོད་ལྕགས་ལམ་ལམ་རྒྱུད་ཀྱི་མེ་འཁོར་བབས་ཚུགས་སུ་གློག་རྡུལ་འགྲུལ་བཞུད་སྤ་སེ་སྤྱོད་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་8ཉིན་གནས་ཚུལ་འབྱོར་གསལ། ཚེས་8ཉིན། གསར་འགོད་པར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི(གཤམ་དུ“མཚོ་བོད་ཚོགས་པ་ཀུང་སི”ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱུང་བར། ཟླ་7ཚེས་9ཉིན་གྱི་ཐོ་རེངས་ནས་བཟུང་། མཚོ་བོད་ཚོགས་པ་ཀུང་སིས་མཚོ་བོད་ལམ་ཐིག་གི་སྟོང་སྐོར་དང་། གཏེར་ལེན་ཁ། གོར་མོ། ཨ་མདོ། ནག་ཆུ། ལྷ་ས་སོགས་ཀྱི་མེ་འཁོར་བབས་ཚུགས་དང་ལྷ་གཞིས་ལྕགས་ལམ་ལམ་ཐིག་གཞིས་རྩེའི་བབས་ཚུགས་ཀྱི་མྱུར་ཚད་དཀྱུས་མའི་ལྕགས་ལམ་དུ་གློག་རྡུལ་འགྲུལ་བཞུད་སྤ་སེ་ཁྱབ་གདལ་གཏོང་རྒྱུ་ཡིན་པས། སྐབས་དེར་མཚོ་སྔོན་དང་བོད་དུ་འགྲོ་འོང་བྱེད་མཁན་འགྲུལ་པས་གློག་རྡུལ་འགྲུལ་བཞུད་སྤ་སེ“ལག་ཁྱེར་གཅིག་གི་ཤར་བགྲོད”ཀྱི་སྟབས་བདེ་ལོངས་སྤྱོད་བྱེད་ཐུབ་རྒྱུ་རེད།

མཚོ་བོད་ཚོགས་པ་ཀུང་སིའི་འགྲུལ་པ་དང་དངོས་ཟོག་དོ་དམ་པུའི་པུའུ་ཀྲང་ཆིའུ་ཧྥེ་ཅུན་གྱིས་གློག་རྡུལ་འགྲུལ་བཞུད་སྤ་སེ་ཁྱབ་གདལ་བཏང་བ་དེ་དཔྱིད་གསར་སྐྱེལ་འདྲེན་དང་། གུང་གསེང་ཆུང་ངུ་། རྫོགས་ལྡན་གཟའ་འཁོར་བཅས་ཀྱི་འགྲུལ་སྐྱེལ་གྱི་དུས་མཚམས་ཁག་དང་། (པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) ལམ་ཐིག་ཁག ས་ཁོངས་ཁག ས་གནས་ཁག་བཅས་སུ་ཚོད་ལྟར་སྤྱད་ཟིན་པས། མ་ལག་འཁོར་རྒྱུག་བདེ་འཇགས་དང་བརྟན་པོ་ཡོད་པ་དང་འགྲུལ་པར་མྱོང་རོལ་ཟབ་མོ་ཐུབ་པ་མ་ཟད། ལག་རྩལ་དང་ལག་ལེན་དངོས་ཀྱི་ཉམས་མྱོང་མང་པོ་བསགས་པས་མྱུར་ཚད་དཀྱུས་མའི་ལྕགས་ལམ་སྤྱོད་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ཅེས་བཤད་པ་རེད།

“གློག་རྡུལ་སྤ་སེ་སྤྱད་རྗེས་འགྲུལ་པ་བབས་ཚུགས་ནས་འགྲོ་འོང་བྱེད་སྐབས་དེ་སྔོན‘ཐོབ་ཐང་ལག་ཁྱེར་དང་མེ་འཁོར་སྤ་སེ་གཉིས་ཀ’སྟོན་དགོས་པ་ནས་ད་ཆ་ཐོབ་ཐང་ལག་ཁྱེར་བསྟན་ཚེ‘ལག་ཁྱེར་གཅིག་གི་ཤར་བགྲོད’མངོན་འགྱུར་ཐུབ་ནས་རང་མིང་འགོད་ལམ་ཞིབ་བཤེར་དང་། སྤ་སེ་ཞིབ་བཤེར་དེ་བས་སྟབས་བདེར་སོང་ནས། སྤ་སེ་ཞིབ་བཤེར་བྱེད་ཡུན་དེ་སྔོན་མི་རེར་ཆ་སྙོམས་སྐར་ཆ་3.8ནས་ད་ཆ་སྐར་ཆ་1.3བར་ཐུང་དུ་ཕྱིན་པས་མེ་འཁོར་བབས་ཚུགས་ནས་འགྲོ་འོང་བྱེད་ནུས་སྔར་བས་ཆེ་རུ་ཕྱིན་པ་མ་ཟད། སྤ་སེ་བརླགས་པའི་གནས་ཚུལ་དང་སྤ་སེ་རྫུས་མ་ཉོ་བ་སོགས་ཀྱི་གནས་ཚུལ་འགོག་ཟོན་ནུས་ལྡན་ཐུབ་ཡོད”ཅེས་ཆིའུ་ཧྥེ་ཅུན་གྱིས་བཤད།