《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月10日

ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རིགས་པའི་གཞུང་ལུཌ་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་དམངས་དོན་སྐོར་གྱི་ཁྲིམས་གཞུང་ཆེད་དོན་སློབ་སྦྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་8ཉིན་གནས་ཚུལ་འབྱོར་གསལ། ཚེས་7ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང(རྒྱ་ཆེ)ཚོགས་འདུ་ཐེངས་བདུན་པ་དང་དམངས་དོན་སྐོར་གྱི་ཁྲིམས་གཞུང་སློབ་སྦྱོང་གི་ཆེད་དོན་ཟུར་ཁྲིད་ཚོགས་འདུ་འཚོགས་ནས་དམངས་དོན་སྐོར་གྱི་ཁྲིམས་གཞུང་སློབ་སྦྱོང་གཏིང་ཟབ་དང་དྲིལ་བསྒྲགས་བྱས་ནས། ལས་ཁུངས་ཁག་གི་ཏང་ཡོན་ལས་བྱེད་པས་བཅའ་ཁྲིམས་སློབ་སྦྱོང་དང་བེད་སྤྱོད་གཏོང་བའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྔར་བས་སྐོང་འཐེན་བྱས་པ་རེད།

ཟུར་ཁྲིད་ཚོགས་འདུར་ལྗོངས་ཏང་ཨུད་ཀྱི་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་གཞོན་པ་ཐང་ཞའོ་མིང་གདན་དྲངས་ནས། འགོ་བརྗོད་དུ《དམངས་དོན་སྐོར་གྱི་ཁྲིམས་གཞུང་སློབ་སྦྱོང་ནན་ཏན་བྱས་ནས་ཁེ་དབང་སྲུང་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ》ཞེས་འཁོད་པའི་ཆེད་དོན་ཟུར་ཁྲིད་བྱས་པ་དང་། དམངས་དོན་བཅའ་ཁྲིམས་དང་དམངས་དོན་སྐོར་གྱི་ཁྲིམས་གཞུང་དང་། དམངས་དོན་སྐོར་གྱི་ཁྲིམས་གཞུང་གི་གྲུབ་ཆ་དང་སྒྲིག་སྟངས། དམངས་དོན་སྐོར་གྱི་ཁྲིམས་གཞུང་གི་ཁྱད་ཆོས་དང་དེ་བཞིན་དེའི་རྩོམ་སྒྲིག་བརྒྱུད་རིམ་བཅས་ཀྱི་ཐད་ནས་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་མ་ཟད། ད་དུང་གྱོད་དཔེ་དངོས་དང་ཟུང་འབྲེལ་གྱིས། དམངས་དོན་སྐོར་གྱི་ཁྲིམས་གཞུང་སློབ་སྦྱོང་དང་བེད་སྤྱོད་བཏང་སྟེ། ཁེ་དབང་སྲུང་སྐྱོང་གི་ནུས་པ་ཆེ་རུ་ཇི་ལྟར་གཏོང་རྒྱུའི་ཐད་ཕྱོགས་ཡོངས་ནས་འགྲེལ་བཤད་གསལ་པོ་བརྒྱབ་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། བདེ་སྐྱིད་དབང་མོས་ཞུས)