《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月10日

ཅང་ཅེ་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུར་ཞུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་8ཉིན་གནས་ཚུལ་འབྱོར་གསལ། ཚེས་7ཉིན། རང་སྐྱོང་ལྗོངས་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གསན་པ་མ་ཟད། དུས་མཚམས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཅང་ཅེས་གྲོང་ཁྱེར་ཁག་དང་ས་ཁུལ་ཁག་གི་འབྲེལ་ཡོད་ཚན་པས། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ལ་བརྟེན་ནས། བསམ་བློ་དང་བྱ་སྤྱོད་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། ལས་ཡུན་ལྡོག་སྒྲིག་དང་བྱ་ཐབས་ཞིབ་ཚགས་སུ་བཏང་སྟེ་དམིགས་ཚད་ལ་དམ་འཛིན་ལྷོད་མེད་བྱས་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་སྤུས་ཚད་ལེགས་པོས་སྐུལ་འདེད་གཏོང་བ་མ་ཟད། འདི་ལོའི་ཟླ་9པའི་ཟླ་མཇུག་ཏུ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ལེགས་སྒྲུབ་བྱེད་དགོས། “ཆུ་གློག་ལམ་དང་འཕྲིན་གཏོང་དྲ་བ་དང་ཚན་རིག་སློབ་གསོ་རིག་གནས་འཕྲོད་བསྟེན་འགན་སྲུང”བཅས་ཀྱི་རིམ་སྤོར་འདུ་འགོད་བཅུ་དང་། ལྷན་སྦྱར་སྒྲིག་བཀོད་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་མཉམ་དུ་སྐུལ་འདེད་བཏང་ནས། ཐོན་ཁུངས་ཀྱི་ལེགས་ཆ་དང་མཐའ་མཚམས་གྲོང་ཚོའི་དོན་དངོས་ལ་བརྟེན་ཏེ་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་ཐོན་ལས་ལ་བརྟེན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་དགོས། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད་དང་བླང་བྱ་གཞིར་བཟུང་། ལས་གྲྭའི་སྤུས་ཚད་ཀྱི་འགག་སྒོ་ནན་པོ་བསྲུངས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་པ་དང་ས་གཤིས་གནོད་འཚེའི་འགོག་བཅོས་ལས་དོན་ཏན་ཏིག་བསྒྲུབས་ཏེ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་སྤུས་ཚད་ལེགས་ལ་མང་ཚོགས་བློ་ཡིད་ཚིམ་པའི་དམངས་སེམས་འདུ་འགོད་དང་དམངས་འཚོའི་འདུ་འགོད་དུ་འགྱུར་བར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།