《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月06日

པར་རིས་གསར་འགྱུར།

ཉེ་ཆར་རང་སྐྱོང་ལྗོངས་སྤྱི་ཚོགས་ལུས་རྩལ་ལྟེ་གནས་ཀྱིས“ཏང་ཞུགས་དམ་བཅའ་བསྐྱར་དུ་འཇོག་པ་དང་། ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་གི་ཤེས་བྱའི་འགྲན་བསྡུར”བརྗོད་དོན་གཙོ་བོར་བྱས་པའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཏེ་རྒྱ་ཆེའི་ཏང་ཡོན་ཚོས་རང་ངོས་སློབ་སྦྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་ཞུགས་དམ་བཅའ་བློ་ལ་བརྟན་པོར་བཅངས་ནས་རང་ལྗོངས་ཀྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ལྕག་སྐུལ་བྱས་པ་རེད།

འདི་ནི་རང་སྐྱོང་ལྗོངས་སྤྱི་ཚོགས་ལུས་རྩལ་ལྟེ་གནས་ཀྱི་ཏང་ཡོན་ཡོངས་ཀྱིས་ཏང་དར་ལ་ཕྱོགས་ཏེ་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱེད་བཞིན་པ།